དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་ས་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅུས་ཀྱིས།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་བསྒྲུབས་ནས་དཔལ་འབྱོར་ལྗང་མདོག་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-03

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅུས་ཀྱིས“ཁུལ་གསུམ་དང་མཐོ་ས་གཅིག”གི་འཐབ་ཇུས་ལས་འགན་ལ་དམ་པོར་དམིགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གྲུབ་ཆ་ལེགས་སྒྲིག་དང་འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ཏེ། བཙོག་འབུད་ཉུང་གཏོང་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ལ་རྒྱུན་མཐུད་ཁྲིད་སྟོན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་གཏོང་དང་འཕེལ་རྒྱས་ཀྱི་ཕན་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    ཐཱན་ཉུང་ཕྱོགས་སྒྱུར་ལ་བཀྲག་མདངས་འཚེར་ས་གསར་པ་མངོན་ཞིང་། 2019ལོར་ལྗོངས་ཡོངས་ཀྱི་སྔོན་ལ《ལྷ་ས་གྲོང་ཁྱེར་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁེ་ལས་ལ་གདེང་འཇོག་གཏན་འཁེལ་བྱ་ཐབས》བཏོན་ནས། ལྗང་མདོག་འཕེལ་རྒྱས་ཀྱི་ཆེད་དོན་བྱ་དགའི་དངུལ་སྤྲོད་པའི་ལམ་སྲོལ་བཙུགས་ཏེ་ཁེ་ལས་ཀྱིས་ལྗང་མདོག་སྒྱུར་བཀོད་རིམ་སྤོར་ལ་ཁྲིད་སྟོན་བྱེད་པ་དང་། ལྗང་མདོག་བཟོ་སྐྲུན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། ལྗང་མདོག་དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་སྲིང་བཅས་བྱས་ཏེ་བཟོ་ལས་ཁྱབ་ཁོངས་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད།

    ལྗང་མདོག་སྒྱུར་བཀོད་ཐད་བྱ་ཐབས་གསར་པ་བཏོན་ཞིང་། 5Gདང་རིག་ནུས་བཟོ་སྐྲུན་ཟུང་དུ་འབྲེལ་བའི་ལས་དོན་སྤེལ་མགྱོགས་སུ་བཏང་ནས། ཨར་འདམ་ལས་རིགས་སུ་གྲངས་འཛིན་འཆར་འགོད་ཇུས་འགོད་དང་རང་འགུལ་ངང་གཏེར་ཁ་འཚོལ་འདེམས་སོགས་ཁྱབ་གདལ་བཏང་བ་དང་། ལྷ་ས་གྲོང་ཁྱེར་མ་འཇོག་མདོ་ལ་རིང་མོ་དང་མཐོ་བརྩོན་ཨར་སྐྲུན་རྒྱུ་ཆ་གྲངས་འཛིན་ཅན་དུ་སྒྱུར་བའི་ལས་རིགས་ཀྱི་ཚད་ཤིང་བཏོད་ཡོད། ལྗང་མདོག་བཟོ་སྐྲུན་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ནས། 2023ལོར་ལྷ་ས་གྲོང་ཁྱེར་དུ་རང་སྐྱོང་ལྗོངས་རིམ་པའི་ལྗང་མདོག་བཟོ་གྲྭ་4མང་དུ་ཕྱིན་པ་དེས་ལྗོངས་ཡོངས་ཀྱི་80%བཟུང་ཡོད།

    སྦགས་བཙོག་ཉུང་འཕྲི་དང་ཐཱན་ཚད་ཉུང་གཏོང་ཐད་བྱ་ཐབས་གསར་པ་སྤྱད་ཅིང་། བཟོ་ལས་ཁེ་ལས་ཀྱི་སྒྲིག་ཆས་གསར་བརྗེས་དང་ལག་རྩལ་སྒྱུར་བཀོད་ཀྱི་མ་འཇོག་རྣམ་གྲངས《ལྷ་ས་གྲོང་ཁྱེར་གྱི་བཟོ་ལས་ཁེ་ལས་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས》ནང་བཅུག་ནས། ཁོར་ཡུག་སྲུང་སྐྱོང་དང་། བདེ་འཇགས་ཐོན་སྐྱེད། སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ལེགས་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྔོན་ཐོན་གྱི་བཟོ་རྩལ་དང་སྒྲིག་ཆས་ཀྱིས་རྗེས་ལུས་ཀྱི་བཟོ་རྩལ་དང་སྒྲིག་ཆས་ཀྱི་ཚབ་བྱེད་པ། སྤུས་ཚད་མཐོར་གཏོང་དང་། ནུས་རྒྱུ་གྲོན་ཆུང་། མ་བཅོས་རྒྱུ་ཆ་ཟད་གྲོན་ཉུང་གཏོང་བཅས་ཀྱི་ཁེ་ལས་ལ་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་གྲངས་འབོར་གཞིར་བཟུང་བྱ་དགའ་དང་ཁ་གསབ་སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།