དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་བོད་རིགས་ཀྱི་གྲོང་སྡེ་བྲག་སྒམ་ནང་གྲོང་ཚོ་སོགས་ལ“ཡུལ་སྐོར་གྲོང་གསེབ་ཡག་ཤོས”ཀྱི་མཚན་སྙན་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-30

     གསར་འགོད་པར་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་བར། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་19ཉིན། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་ཚང་འཛོམས་ཚོགས་ཆེན་གྱི་ཚོགས་འདུ་སྐབས་25པས་ཨུ་ཟ་བྷེ་ཁི་སི་ཐན་ས་མར་ཧན་དུ་2023ལོའི་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི“ཡུལ་སྐོར་གྲོང་གསེབ་ཡག་ཤོས”ཀྱི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། རང་རྒྱལ་གྱི་ཀན་སུའུ་བྲག་སྒམ་ནང་གྲོང་ཚོ་དང་། ཅང་ཤིས་ཧོང་ལིང་གྲོང་ཚོ། ཀྲེ་ཅང་ཞ་ཅང་གྲོང་ཚོ། ཧྲའན་ཤིས་ཀྲུའུ་ཅ་དབན་གྲོང་ཚོ་བཅས་མིང་ཐོར་ཚུད་ཡོད། དེའི་ཐོག་2021ལོར་བདམས་ཐོན་བྱུང་བའི་ཀྲེ་ཅང་ཡུས་ཚུན་གྲོང་ཚོ་དང་ཨན་ཧུའེ་ཤིས་ཏི་གྲོང་ཚོ་དང་། 2022ལོར་བདམས་ཐོན་བྱུང་བའི་ཀོང་ཤིས་ཏ་ཀྲའེ་གྲོང་ཚོ་དང་ཁྲུང་ཆིང་ཅིང་ཀྲུའུ་གྲོང་ཚོ་བཅས་བསྣན་ན་ཁྱོན་ཀྲུང་གོའི་གྲོང་ཚོ་8བདམས་ཐོན་བྱུང་བས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་2800ཡན་ཟིན་པའི་བྲག་སྒམ་ནང་གྲོང་ཚོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐེ་བོ་རྫོང་དུ་གནས་ཤིང་། ཉེ་ལམ་ལོ་ཤས་རིང་། བྲག་སྒམ་ནང་གྲོང་ཚོས་ཐུན་མོང་མ་ཡིན་པའི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་དང་དམངས་སྲོལ་གོམས་གཤིས་སོགས་ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་གྲོང་གསེབ་ཀྱི་ཡུལ་སྐོར་ལ་བརྟེན་ནས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ལམ་བུ་གསར་པ་འཚོལ་ཞིབ་བྱས་པ་རེད།

    ཆིན་ལིན་ལྷོ་འདབས་ཀྱི་ཀྲུའུ་ཅ་དབན་གྲོང་ཚོ་ནི་ཧྲའན་ཤིས་ཞིང་ཆེན་ཧྲང་ལོ་གྲོང་ཁྱེར་ཀྲ་ཧྲུའེ་རྫོང་དུ་གནས་ཤིང་། ཉེ་ལམ་ལོ་ཤས་རིང་། ཀྲུའུ་ཅ་དབན་གྲོང་ཚོས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་རིག་གནས་ལ་བརྟེན་ཏེ་ཡུལ་སྐོར་འཕེལ་རྒྱས་བཏང་བ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཁྱབ་སྤེལ་བཏང་སྟེ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་རིང་ཆིན་ལིང་གི་སྡོད་ཁང་རྙིང་པ་དང་། གནའ་ལམ་གྱི་རྗེས་ཤུལ། ཀྲ་ཧྲུའེ་ཡི་ཉ་རྔ། དམངས་ཁྲོད་ཀྱི་རོལ་རྩེད། གནའ་བོའི་ཆང་རག་སྙོལ་སྟངས་སོགས་རིག་གནས་ཤུལ་བཞག་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་བར་བྱས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་དང་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་རེད།

    ཅང་ཤིས་ཞིང་ཆེན་ཧྲང་རའོ་གྲོང་ཁྱེར་ཝུའེ་ཡོན་རྫོང་དུ་གནས་པའི་ཧོང་ལིང་གྲོང་ཚོར་སྟོན་དུས་ལོ་ཏོག་ཉི་སྐམ་གཏོང་བའི་མཛེས་ལྗོངས་དམིགས་བསལ་ལྡན་པས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད། ཧོང་ལིང་གྲོང་ཚོར་ད་བར་ལོ་ངོ་580ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། མིང་དང་ཆིང་རྒྱལ་རབས་ཀྱི་གནའ་བོའི་འཛུགས་སྐྲུན་ཁག་100ལྷག་ཙམ་ཡོད་པ་དེ་ནི་ཧུའེ་ལུགས་ཀྱི་གནའ་བོའི་འཛུགས་སྐྲུན་ཤུལ་བཞག་ལ་ཞིབ་འཇུག་བྱེད་པའི་མ་དཔེ་གལ་ཆེན་ཞིག་རེད། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་རིང་། ཧོང་ལིང་གྲོང་ཚོས་སྲོལ་རྒྱུན་གྱི་གྲོང་སྡེའི་རྣམ་པ་དང་གསོན་ཉམས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་ཟུང་འབྲེལ་ནུས་ལྡན་བྱས་ནས་སྤྱི་དམངས་ལ་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱེད་པའི་གཞི་རྟེན་གསར་པ་བཏོད་ཡོད་པ་རེད།

    ལོ་ངོ་800ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཞ་ཅང་གྲོང་ཚོ་ནི་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཁྲུན་ཨན་རྫོང་དུ་གནས་ཤིང་། ལོ་20ཡི་རིང་། ཞ་ཅང་གྲོང་ཚོས་སྐྱེ་ཁམས་ཁོར་ཡུག་སླར་གསོ་ཧུར་ཐག་བྱས་ནས་གྲོང་ཚོའི་བཀོད་པ་ལེགས་སུ་བཏང་ཡོད། སྔོན་ཆད་ཀྱི“ས་ཁང་དང་། སོལ་བའི་མེ་གཏོང་བ། འབྲུ་རིགས་དཀོན་པ། བུ་མོ་མནའ་མར་ཡོང་འདོད་མེད་པའི”ལུང་ཤུར་སྐྱོ་པོ་དེ་ད་ཆ“ཞིང་དུད་སྤྲོ་སྐྱིད་ཁང་མང་བ་དང་། ཁྱིམ་ཚང་མགྲོན་ཁང་འཛུགས་རྒྱུར་བྲེལ་བ། ཤིང་འབྲས་ཀྱི་དྲི་བསུང་འཐུལ་བ། ཡུལ་སྐོར་ལ་ཡོང་མཁན་མང་བ”བཅས་ཀྱི་གྲོང་ཚོ་ཕྱུག་པོ་ཞིག་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།