དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་དོན་ཐད་མཚོ་སྔོན་ཞིང་ཆེན་བརྟག་ཞིབ་ཚོགས་ཆུང་གིས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-24

     ཉེ་ཆར། མཚོ་སྔོན་ཞིང་ཆེན་བརྟག་ཞིབ་ཚོགས་ཆུང་བོད་དུ་ཡོང་ནས་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཞའོ་ནན་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་འཇམ་དཔལ་ཚོགས་འདུར་ཞུགས་པ་དང་སྦྲགས་གཏམ་བཤད་ཀྱང་གནང་བ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག ཕྱོགས་གཉིས་པོས་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་དོན་ལ་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་བའི་ཐད་བསམ་འཆར་བརྗེ་རེས་གནང་བ་དང་སྦྲགས་བསྟན་དོན། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་དོན་ནི་དམངས་འཚོའི་འདུ་འགོད་དང་སྐྱེ་ཁམས་འདུ་འགོད་གལ་ཆེན་ཞིག་ཡིན་པས་གནད་སྨིན་ཤུགས་འདོན་བྱས་ནས“འཆར་འགོད་དང་། ཨར་སྐྲུན། ལྟ་རྟོག ཚན་རྩལ། དོ་དམ་སྲུང་སྐྱོང་། ལྟ་ཞིབ་ཚད་ལེན། དྲིལ་བསྒྲགས”བཅས་ཀྱི་དཔུང་ཁག་བདུན་ཧུར་ཐག་བཙུགས་ཏེ། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་དེ“འཛམ་གླིང་ཡང་རྩེའི”དཔེ་སྟོན་རང་བཞིན་དང་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཞིག་ཏུ་སྐྲུན་དགོས། ཕྱོགས་གཉིས་པོས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་གི་འབྲེལ་མཐུད་རང་བཞིན་དང་ཆ་ཚང་རང་བཞིན་མཉམ་དུ་སྲུང་སྐྱོང་བྱས་ཏེ། མཚོ་བོད་ས་མཐོའི་རང་བྱུང་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།