དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ལྗོངས་པོ་རུའེ་ཁོར་ཡུག་འཕྲོད་བསྟེན་ཞབས་ཞུ་ཚད་ཡོད་ཀུང་སིས།

    བྱ་ཐབས་གསུམ་ལ་བརྟེན་ནས་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-18

    ཁོར་ཡུག་འཕྲོད་བསྟེན་འགན་ལེན་ཏན་ཏིག་བྱ་ཆེད། ཉེ་དུས་བོད་ལྗོངས་པོ་རུའེ་ཁོར་ཡུག་སྲུང་སྐྱོང་ཞབས་ཞུ་ཚད་ཡོད་ཀུང་སིས་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ་དང་འགག་རྩའི་ལྷུ་ཚིགས་དམ་འཛིན་གྱིས“དཀའ་གནད”སེལ་བ་དང་། “འགག་གནད”གཤོང་བ།“ཞན་ཆ”སེལ་བ་བཅས་དམིགས་ཚད་གལ་ཆེན་དུ་བྱས་ཏེ་ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་དང་ཕྱོགས་བསྡུས་བཅོས་སྐྱོང་ཟུང་འབྲེལ་བྱེད་སྟངས་སྤྱད་ནས་གཙོ་གནད་ས་ཁོངས་དང་། ཁྲོམ་གཞུང་སྲང་ལམ། དེ་བཞིན་ཁོར་ཡུག་འཕྲོད་བསྟེན་གྱི་དོ་དམ་བྱེད་ཁོངས་མིན་པའི་ས་ཁོངས་བཅས་ལ་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་ཧུར་ཐག་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    ཟླ་9ཚེས་8ཉིན་ནས་བཟུང་བོད་ལྗོངས་པོ་རུའེ་ཁོར་ཡུག་འཕྲོད་བསྟེན་ཞབས་ཞུ་ཚད་ཡོད་ཀུང་སིས་གྲོང་ཁུལ་གྱི་འགྲོ་ལམ་གཙང་སེལ་དང་། སྤྱི་པའི་གསང་སྤྱོད་བདག་སྐྱོང་། འཚོ་བའི་གད་སྙིགས་བསྡུ་རུབ། དེ་བཞིན་ཆུ་གཏོར་ནས་ཐལ་བ་འཇགས་པ་བཅས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་པའི་རྨང་གཞིའི་ཐོག་གནད་དོན་ཐག་གཅོད་བྱ་རྒྱུ་འཇུག་གཞིར་བྱས་ནས་གཙང་སྦྲ་བ་དང་དེ་བཞིན་ཁོར་ཡུག་འཕྲོད་བསྟེན་གྱི་ལས་སྒྲུབ་འཕྲུལ་ཆས་ཧུར་ཐག་མངགས་ཏེ་མཐུན་སྒྲིལ་གྲོང་གསར་དང་། གྲྭ་བཞི་གྲོང་ཚོ། ལྕགས་རོང་སྡེ་ཁུལ། བར་སྐོར་ཁྲོམ་གཞུང་སོཌ་ཀྱི་ཁྲོམ་གཞུང་དང་སྲང་ལམ་གྱི་ས་ངོས་སྦགས་བཙོག་དང་། གད་སྙིགས་བསྡུ་རུབ་བྱེད་གནས་དང་དེ་བཞིན་གད་སྙིགས་བླུགས་ས་སོགས་གཅིག་སྡུད་ཐོག་གཙང་མ་འཁྲུས་པ་དང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་། ཉང་བྲན་བྱང་ལམ། གླིང་སྐོར་ཤར་ལམ། ཚེས་གསུམ་ཐང་ཤར་ལམ་སོགས་ཀྱི་གཙོ་གནད་ལམ་དུམ་གྱི་གཞོགས་གཉིས་ཀྱི་སྔོ་འགྱུར་ཁུལ་གྱི་གད་སྙིགས་གཙང་སེལ་དང་། མི་བགྲོད་ལམ་བུའི་སྣུམ་དྲེག་གཙང་འཁྲུ། དེ་བཞིན་ལམ་རྒྱུད་ལ་གཙང་སྦྲ་བཅས་བྱས་པ། “ཆུ་ཡུར་གསུམ་དང་ཆུ་བོ་གཅིག”གི་འགྱིག་ཤོག་དང་། འཕྱོ་གཡེང་དངོས་པོ། ཆུ་རྩྭ་བཅས་བཏོན་པ། གྲོང་ཁྱེར་གྱི་འགྲོ་ལམ་གསར་པ་དང་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་སོགས་ཀྱི་ཁོར་ཡུག་ལ་གཙང་སྦྲ་བྱས་པ་དང་དེ་བཞིན་གད་སྙིགས་བཤོས་ནས་གཙང་སེལ་བྱས་པ། གྲོང་ཁྱེར་གྱི་ལམ་རྒྱུད་ཚོང་ཁང་དང་ཚོང་གཉེར་བྱེད་སའི་གད་སྙིགས་གང་བྱུང་སྤུངས་པའི་གནད་དོན་བཅོས་སྒྲིག་དང་དྲིལ་བསྒྲགས་སློབ་གསོ་བྱས་པ་དང་ཆབས་ཅིག ཉང་བྲན་ཁྲོམ་གཞུང་དོན་གཅོད་ཁང་ལ་གཞོགས་འདེགས་བྱས་ནས། ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་གི་གྱོད་གཞི་བཅོས་སྒྲིག་བྱས་པ་རེད།

    གོམ་སྟབས་རྗེས་མར། ཀུང་སིས་གྲོང་ཁྱེར་གྱི་ཁོར་ཡུག་རྣམ་པ་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། འགན་འཁྲི་ནན་པོ་དང་ཏན་ཏིག་ཁུར་ནས་མངོན་གསལ་དོད་པའི་ཁོར་ཡུག་འཕྲོད་བསྟེན་གྱི་གནད་དོན་བཅོས་སྒྲིག་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་པ་དང་། དག་ཐེར་གནད་ལ་འཁེལ་བ་དང་དོན་འཁྱོལ་མཐར་ཕྱིན་བྱེད་པར་འགན་ལེན་བྱེད་པ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། བཅོས་སྒྲིག་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།