དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྐྱེ་ཁམས་རྣམ་པ་ལེགས་སེ་ལེགས། དཔལ་འབྱོར་རིན་ཐང་ཆེ་སེ་ཆེ།

    ​ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྐྱེ་ཁམས་སྟོབས་ཆེར་བཏང་ནས་དམངས་འཚོར་ཕན་པ་འདོགས་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བའི་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-18

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་ཏན་ཏིག་བསྟར་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་ཧུར་ཐག་བཏང་བ་རེད།

    འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་ལེགས་པའི་ཉིན་གྲངས་243ཟིན་པ་དང་། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་རྣམ་གྲངས་30ལེགས་སྒྲུབ་ཟིན་པ། སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་རྫོང་དང་ཆུས་4དང་། དཔེ་སྟོན་ཤང་གྲོང་67 དཔེ་སྟོན་གྲོང་ཚོ་ཨུ་ལྷན་673བཅས་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། 2022ལོའི་ལོ་མཇུག་བར། ཆབ་མདོ་གྲོང་ཁྱེར་གྱི་ཤང་གྲོང་138ལ་འཚོ་བའི་གད་སྙིགས་སྦེད་ས་36དང་། དབོར་འདྲེན་ས་ཚིགས་29 ཉིན་རེའི་གཙང་སེལ་བྱེད་ཚད་ཏུན་547.56 ཉིན་རེའི་དབོར་འདྲེན་ནུས་པ་ཏུན་210.2བཅས་ཟིན་ཡོད། མ་དངུལ་སྒོར་དུང་ཕྱུར་7.11ལྷག་ཙམ་བཏང་ནས་གད་སྙིགས་སྦས་པའམ་ཡང་ན་དབོར་བ་དང་། རྩ་དོན་ཐད་སྤྱི་ལེ་50ཡི་ནང་ཚུན་དུ་བསྡུ་འདྲེན་གཙོ་བོར་བྱེད་པ། སྤྱི་ལེ་50ཡན་ལ་ཤང་གྲོང་གི་གད་སྙིགས་སྦེད་ས་བཀོད་སྒྲིག་འོས་འཚམ་བྱེད་པ”བཅས་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་བྱེད་སྟངས་ལུགས་མཐུན་སྤྱད་པ་རེད།

    “སྐྱེ་ཁམས་ཁོར་ཡུག་གིས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་ཐད་ཀར་ཤུགས་རྐྱེན་བཟོ་གི་ཡོད། དེར་བརྟེན་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཕྱོགས་མང་པོའི་ཐད་ནས་རྒྱུན་མཐུད་སྐྲུན་དགོས”ཞེས་ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཇམ་དབྱངས་བསོད་ནམས་ཀྱིས་བཤད།

    ཆབ་མདོ་གྲོང་ཁྱེར་གྱིས་ནུས་རྒྱུ་གཙང་མ་དང་། ནུས་རྒྱུ་གྲོན་ཆུང་གི་ལག་རྩལ། སྦགས་བཙོག་འགོག་བཅོས་ཀྱི་ལག་རྩལ་བཅས་འཕེལ་རྒྱས་བཏང་ནས་སྦགས་བཙོག་དངོས་པོ་ཕྱིར་འབུད་ཉུང་དུ་གཏོང་བ་དང་། བསྐྱར་སྐྱེས་ཆོག་པའི་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། ཐཱན་ཉུང་ཕྱིར་སྐྱོད་འགྲིམ་འགྲུལ་དར་སྤེལ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཀྱི་ཡོད། གཞན་ཡང་། སྐྱེ་ཁམས་ཁོར་ཡུག་དྲིལ་བསྒྲགས་ཟླ་བ་སོགས་དུས་མཚམས་སུ་དྲིལ་བསྒྲགས་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ཡོད།

    2019ལོའི་ཟླ་བཅུ་གཉིས་པར། ལས་འགན་འཁུར་ཚུན་དུ། འཇམ་དབྱངས་བསོད་ནམས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཅུས་སུ་ལས་ཀ་བྱས་ནས་ལོ་4ཙམ་ལས་འགྲོ་གི་མེད་ཀྱང་། ཆབ་མདོར་འཚོ་བ་བསྐྱལ་ནས་ལོ་46ཕྱིན་ཟིན་པས། ཆབ་མདོའི་ཁོར་ཡུག་འགྱུར་ལྡོག་ལ་རྒྱུས་མངའ་ཆེན་པོ་ཡོད་པ་རེད།

    “ཆབ་མདོ་ནི་ཁྲོན་བོད་བར་བརྒྱུད་དགོས་ངེས་ཀྱི་ལམ་ཐིག་ཅིག་རེད། ཡུལ་སྐོར་བ་མང་པོ་ཞིག་གིས་ས་མཐོ་འཕྲོད་ཆེད་ཆབ་མདོར་ཉིན་འགའ་སྡོད་ཀྱི་ཡོད། དེ་ལས་ཆབ་མདོའི་ཡུལ་སྐོར་འཕེལ་རྒྱས་ལ་གོ་སྐབས་བཟང་པོ་བྱུང་ནས་ཡུལ་དེ་གའི་མང་ཚོགས་མང་པོ་ཞིག་ཡུལ་སྐོར་ལས་རིགས་ལས་ཡོང་འབབ་བྱུང་ཡོད”ཅེས་འཇམ་དབྱངས་བསོད་ནམས་ཀྱིས་བཤད།

    ཆབ་མདོའི་ཁོར་ཡུག་གི་འཕོ་འགྱུར་ཆེན་པོ་དེ་མང་ཚོགས་ཀྱིས་གླེང་དགའ་ཤོས་བྱེད་པའི་སྐད་ཆར་གྱུར་ཡོད། མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་པ་དང་སྦྲགས་ཆབ་མདོའི་ནམ་མཁའ་དེ་བས་སྔོ་བ་དང་། རི་བོ་དེ་བས་སྔོ་བ། ཆུ་མོ་དེ་བས་དྭངས་བ་བཅས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།