དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གིས་བྱེ་འགོག་བྱེ་བཅོས་དང་ནགས་བཟོ་སྔོ་འགྱུར་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-18

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམ་པོར་དམིགས་ཏེ། སྔོ་ལྗང་འཕེལ་རྒྱས་ཚོད་ལྟའི་ཁུལ་དང་། རང་བྱུང་སྲུང་སྐྱོང་དཔེ་སྟོན་ཁུལ། སྐྱེ་ཁམས་དམངས་ཕྱུག་སྔོན་སྤེལ་ཁུལ་བཅས་ནུས་ཤུགས་ཡོད་རྒུས་བཏོད་དེ་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། བྱེ་འགོག་བྱེ་བཅོས་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་རྒྱ་སྐྱེད་དང་བརྟན་དུ་བཏང་སྟེ་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། གཏིང་སྐྱེས་རྫོང་གི་གཡས་རུ་གཙང་པོ་རྒྱུག་ཁུལ་དུ་མི་ཐབས་ལ་བརྟེན་ནས་བྱེ་བཅོས་ནགས་བཟོ་སྤྱི་ཆིང་455.9བྱས་པ་དང་། བྱེ་འགོག་ནགས་བཟོ་སྤྱི་ཆིང་8903.2བྱས་པ། རྡོ་ཧྲུག་བྱེ་གནོན་སྤྱི་ཆིང་420.66བྱས་པ། རྩྭ་མིག་བྱེ་ཡོལ་སྤྱི་ཆིང་236.11བཟོས་པ། མི་ཐབས་ལ་བརྟེན་ནས་རྩྭ་སྤྱི་ཆིང་1460.68བཏབ་པ། བྱེ་འགོག་ཆུ་རགས་སྤྱི་ལེ་6བསྐྲུན་ཡོད། བྱེ་འགོག་བྱེ་བཅོས་བྱས་ནས་སྐྱེ་ཁམས་ལེགས་སུ་གཏོང་བའི་ལག་ལེན་རྣམ་གྲངས་བརྒྱུད། ས་ཁོངས་དེའི་སྐྱེ་ཁམས་མ་ལག་སྤྱིར་ན་བརྟན་པོ་བྱུང་བ་དང་། སྔོ་ཁེབས་ཁྱབ་རྒྱ་ཆེ་རུ་ཕྱིན་པའི་རྣམ་པ་མངོན་པ། བྱེ་འབུར་རྩ་བའི་ཆ་ནས་བརྟན་པོ་བྱུང་བ། བྱེ་འགྱུར་ཚབས་ཆེན་གྱི་ཉེན་ཁ་ཆུང་དུ་ཕྱིན་ནས་བཅོས་སྐྱོང་མ་བྱས་གོང་གི་8%ཡས་མས་ནས་70%ཡས་མས་བར་ཡག་ཏུ་ཕྱིན་ཡོད། གཞུང་ལམ་ལམ་རྒྱུད་དང་། གྲོང་ཁྱེར་དང་གྲོང་རྡལ། གྲོང་སྡེ། ཞིང་ཁ་སོགས་གྲོང་མི་གཅིག་སྡུད་གནས་སྡོད་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་ཕྱིན་ནས་ནགས་བཟོ་སྔོ་འགྱུར་དང་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།