དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • “མཁའ་ལམ་གྱི་སྐལ་བཟང་མེ་ཏོག གངས་ལྗོངས་ཀྱི་སྤོབས་པ་ཆེན་པོ”རྟགས་ཅན་གྱི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཐོག་མ་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-14

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ས་ཁོངས་ཕྱི་ནང་གི་ཡུལ་སྐོར་བ་ཡོང་ཁུངས་ཀྱི་ཁྲོམ་ར་སྔར་བས་རྒྱ་ཆེར་བཏང་ནས། རིག་གནས་ཡུལ་སྐོར་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཚེས་12ཉིན་གྱི་སྔ་དྲོར“མཁའ་ལམ་གྱི་སྐལ་བཟང་མེ་ཏོག གངས་ལྗོངས་ཀྱི་སྤོབས་པ་ཆེན་པོ”རྟགས་ཅན་གྱི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཐོག་མ་ཟི་ལིང་མེ་འཁོར་བབས་ཚུགས་ནས་གཏོང་འགོ་ཚུགས་པ་རེད།

    དུས་ཡུན་ཉིན་11གི་འགྲུལ་བཞུད་ནང་མེ་འཁོར་གྱིས་མཚོ་བོད་ལྕགས་ལམ་དང་ཏུན་གོར་ལྕགས་ལམ་བརྒྱུད་བསྐྱོད་རྒྱུ་རེད་ལ། ཉིན་མོར་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་མཛེས་ལྗོངས་ལྟ་ས་ཡག་ཤོས་ཀྱི་གོར་ལྷ་ལམ་དུམ་ཆེད་མངགས་བཀོད་སྒྲིག་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཡག་པོ་གཏོང་ཆེད། མཚོ་བོད་ཚོགས་པ་ཀུང་སིས་ཆེད་སྤྱོད་མེ་འཁོར་ལ་གཙང་སྦྲ་ལྡན་ལ་སྐྱིད་སྣང་དོད་པའི་འབོལ་ཁྲིའི་འཁོར་སྒྲོམ་7དང་མེ་འཁོར་ཟ་ཁང་རྩེ་གྲ་3བཀོད་སྒྲིག་བྱས་ཡོད། ཆེད་སྤྱོད་མེ་འཁོར་གཏོང་རིང་། ད་དུང་མཚོ་བོད་ཚོགས་པ་ཀུང་སིས“མཁའ་ལམ་གྱི་སྐལ་བཟང་མེ་ཏོག”གི་རིག་རྩལ་ཡན་ལག་རུ་ཁག་མངགས་ནས་ཡུལ་སྐོར་བར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་བྱས་པ་མ་ཟད། ཡུལ་སྐོར་བ་དང་མཉམ་དུ་སྐྱེ་ཁམས་ཡུལ་སྐོར་ཤེས་བྱའི་སྐོར་གྱི་དྲི་བ་དྲིས་ལན་དང་མུན་སྒམ་རོལ་རྩེད་སོགས་ཀྱི་མཉམ་འགུལ་བྱེད་སྒོ་སྤེལ་ནས་ཤང་ཀང་གི་ཡུལ་སྐོར་བའི་ཡུལ་སྐོར་ནང་དོན་རྒྱུན་མཐུད་ཕུན་སུམ་ཚོགས་སུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།