དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • མདོ་ལ་རིང་མོའི་སྟོན་གྱི་མཛེས་ལྗོངས་ལྟ་ན་སྡུག

  • ཡོང་ཁུངས།  མི་དམངས་དྲ་བ།   |     སྤེལ་དུས།  2023-10-11

     ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་མཱ་ཐིས་བོད་རིགས་ཤང་མངའ་ཁོངས་ཀྱི་མདོ་ལ་རི་ཁུལ་དུ་གངས་རི་དང་། ལོ་མ་དམར་པོ། ན་ཁ་སོགས་ཡུལ་ལྗོངས་ཉམས་དགའ་བ་ཡོད་ཅིང་། དེ་གར་རླུང་བུ་ལྡང་ཐེངས་རེར་གསོམ་སྡོང་གི་ལོ་འདབ་སེར་པོས་གང་བ་དང་། ལྗོན་ཤིང་ལ་རིམ་གྱིས་སེར་མདོག་དང་དམར་མདོག་གི་གོས་བཟང་གཡོགས་པ་ལྟར་སྣང་། ལོ་མ་དམར་པོའི་ལྗོན་ཤིང་དང་། ལོ་སྐྱུར་ཐང་ཤིང་། སྟག་པ་དཀར་པོ་སོགས་ཤིང་རིགས་ཚར་དུ་དངར་ཞིང་། རྒྱང་ནས་བལྟས་ན་མཚམས་སྤྲིན་གྱིས་བརྒྱན་པ་དང་འདྲ་ཞིང་། ཉེ་ས་ནས་བལྟས་ཚེ་རིན་ཆེན་མ་ན་ཧོ་བཞིན་ལྟ་ན་སྡུག་པ་ཞིག་ཡོད། སེར་མདོག་གི་རྩྭ་ཐང་ནི་ས་གདན་སེར་པོ་ཞིག་བཏིང་བ་དང་གཉིས་སུ་མེད་པ་དང་དེ་གར་ལུ་གུའི་ཁྱུ་ཚོགས་ཀྱིས་རྩྭ་ལ་རོལ་ཞོར་མཆོང་ལྡིང་གི་གར་སྟབས་བསྒྱུར་བས། མདོ་ལའི་སྟོན་གྱི་མཛེས་ལྗོངས་ནི་རི་མོ་མཁན་གྱིས་བྲིས་པ་དང་ཡོངས་སུ་མཚུངས།

    ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་གྱིས་མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ལྕི་པོ་ཕྲག་ཏུ་བརྟན་པོར་ཁུར་བ་དང་། བློ་སྟོབས་ཆེན་པོས་མདོ་ལ་རིང་མོའི་སྐྱེ་ཁམས་བཅོས་སྒྲིག་དང་ཉམས་གསོ་བྱས་ཤིང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་སྐུལ་མ་ཧུར་ཐག་བཏང་ནས་མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པར་བརྟེན། ལོ་མང་རིང་མཐོང་རྒྱུ་མེད་པའི་གསའ་སོགས་སྲོག་ཆགས་རྩ་ཆེན་མང་པོ་སླར་ཡང་མངོན་པ་དང་། བརྗིད་ཆགས་མཛེས་སྡུག་ལྡན་པའི་མདོ་ལ་རིང་མོ་དེ་ཉིད་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཡི་གར་འོང་བའི་རི་མོ་ཞིག་དང་འདྲ་བར་མི་རྣམས་ཀྱི་མིག་ལམ་དུ་མངོན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།