དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས།

    སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-11

    ཉེ་བའི་ལོ་ཤས་རིང་སྟེང་ཆེན་རྫོང་གིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ལྟེ་བར་བྱས་ནས་དགུང་སྔོན་དང་། ཆུ་དྭངས། ས་གཙང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་། ཞིང་འབྲོག་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་བཅས“སྲུང་སྐྱོང་དམག་འཐབ་ཆེན་པོ་ལྔ”ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་པས་ནམ་མཁའ་སྔར་བས་སྔོ་བ་དང་། ཆུ་མོ་སྔར་བས་དྭངས་བ། ས་ཆ་སྔར་བས་ལྗང་བ། སྐྱེ་དངོས་ཕུན་སུམ་ཚོགས་པ། མི་སྡོད་ཁོར་ཡུག་མཛེས་པ་བཅས་བྱུང་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བར་སྐུལ་འདེད་ཟམ་མི་ཆད་པར་ཐེབས་ཡོད།

    ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་སྟེང་ཆེན་རྫོང་ཡན་ལག་ཅུས་ཀྱིས་བཟོ་ལས་ཁེ་ལས་ཀྱི་རླངས་རོ་ཕྱིར་འབུད་ལ་ལྟ་འདོམས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལོན་ཚད་100%དང་ལེགས་ཚད་100%ཟིན་ཡོད།

    སྟེང་ཆེན་རྫོང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙོག་ཆུ་འགོག་བཅོས་བཅའ་ཁྲིམས》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཆུ་བོ་རྒྱུག་ཁུལ་བཅོས་སྐྱོང་དང་བཙོག་ཆུ་འགོག་བཅོས་གཙོ་གནད་དུ་བཟུང་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་སུ་ཆུ(མཚོ)དཔོན་104གཏན་འཁེལ་བྱས་ནས་ཆུ(མཚོ)དོ་དམ་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།