དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས།

    ཆུ(མཚོ)དཔོན་ལམ་ལུགས་ལ་སྐུལ་འདེད་བཏང་ནས་ཆུའི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-11

    ཉེ་ཆར། སྟེང་ཆེན་རྫོང་གིས་2023ལོའི་ཆུ(མཚོ)དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་སྤྱི་ཁྱབ་ཆུ་དཔོན་ཚོཌ་འདུ་འཚོགས་ཏེ། 《སྟེང་ཆེན་རྫོང་གི་ཆུ་དཔོན་ལམ་ལུགས་ལས་དོན་གཞུང་ལས་ཁང་གི་ཁོངས་མིའི་མིང་ཐོ》དང་། 《ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་རྫ་ཆུ་རྒྱུག་ཁུལ་གྱི་ཆུ་དཔོན་གྱི་མིང་ཐོ》 《ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་གྱི་ཆུ་དཔོན་གྱི་མིང་ཐོ》 《ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་རྫོང་རིམ་པའི་ཆུ(མཚོ)དཔོན་གྱི་མིང་ཐོ》བཅས་ལེགས་སྒྲིག་བྱས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། རྫོང་ཡོངས་སུ་རྫོང་དང་། ཤང་དང་གྲོང་རྡལ། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཆུ(མཚོ)དཔོན་གྱི་རྩ་འཛུགས་མ་ལག་བཙུགས་པ་མ་ཟད། ད་དུང་རང་སྐྱོང་ལྗོངས་རིམ་པའི་ཆུ་དཔོན་1དང་། གྲོང་ཁྱེར་རིམ་པའི་ཆུ་དཔོན་5 རྫོང་རིམ་པའི་ཆུ་དཔོན་14 ཤང་དང་གྲོང་རྡལ་རིམ་པའི་ཆུ་དཔོན་22 གྲོང་ཚོ་རིམ་པའི་ཆུ་དཔོན་61བཅས་གཏན་འཁེལ་བྱས་ཡོད།

    ཆུ་བོ་དང་མཚོ་མོ་རྒྱུག་ཁུལ་དང་འབབ་རྒྱུད་ཀྱི་བར་མཐོངས་ལ་དོ་དམ་ཚོད་འཛིན་དང་ཆུ་ལམ་གྱི་བྱེ་མ་སྔོག་འདོན་ལ་དོ་དམ་ནན་པོ་བྱེད་ཆེད། སྟེང་ཆེན་རྫོང་གིས་རྒྱུན་གཏན་སྐོར་ཞིབ་དང་། ཆུ(མཚོ)ཁོངས་ལྟ་སྐུལ་བས་ཞུ་འབུལ། མང་ཚོགས་ཀྱིས་ཐེར་འདོན་གོང་ཞུ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཆུ་བོ་དང་མཚོ་མོའི“ཟང་ཟིང་བཞི་གཙང་སེལ”གྱི་ལས་དོན་རྒྱུན་རྣམ་ཅན་དུ་བསྒྱུར་བ་དང་། “ཟང་ཟིང་བཞིའི”གནད་དོན་བཅོས་སྒྲིག་གི་ཟུར་བཙུགས་རྩིས་ཁྲ་བཟོས་པ། ཟླ་རེར“ཟང་ཟིང་བཞིའི”གནད་དོན་ལ་གྲལ་བཤེར་བྱས་ཤིང་། གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་བྱེ་རའི“གང་བྱུང་དུ་སྤུངས་པ་དང་གང་བྱུང་དུ་འདོན་པའི”གནད་དོན་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཆུ་ལམ་གྱི་བྱེ་འདོན་ཚད་ལྡན་དོ་དམ་སྐོར་གྱི་གསོ་སྦྱོང་ལས་དོན་སྤེལ་ཏེ། གཉེར་སྐྱོང་རང་བཞིན་གྱི་བྱེ་འདོན་ར་བ་དང་། སོ་ཕག་བཟོ་གྲྭ རྣམ་གྲངས་ཀྱི་གནས་སྐབས་བྱེ་འདོན་ས་ཚིགས་བཅས་ཀྱི་འགན་འཁུར་མི་སྣར་གསོ་སྦྱོང་བྱས་ཡོད།

    འཛམ་གླིང་ཆུའི་ཉིན་མོ་དང་ཀྲུང་གོའི་ཆུའི་གཟའ་འཁོར་སོགས་ཀྱི་སྐབས་དང་བསྟུན་ཏེ། སློབ་གྲྭ་དང་ཤང་དང་གྲོང་རྡལ་དུ་ཆུ(མཚོ)དཔོན་ལམ་ལུགས་དྲིལ་བསྒྲགས་བྱས་ནས་དཔྱད་ཡིག་1200ལྷག་ཙམ་སྤྲད་ཡོད། དེ་དང་ཆབས་ཅིག་ཆུ(མཚོ)དཔོན་ལམ་ལུཌ་འཛུཌ་ཚུལ་སྐོར་གྱི་མཐའ་འཁོར་གྲོང་མིའི་གནད་དོན་ལ་ལན་ཧུར་ཐག་བརྒྱབ་སྟེ། དམངས་ཡོངས་ཀྱིས་ཆུའི་ཁོར་ཡུག་ལ་སྲུང་སྐྱོང་དང་ཆུའི་ཐོན་ཁུངས་ལ་གཅེས་སྤྲས་བྱེད་པའི་རྣམ་པ་ཟབ་མོ་བཏོད་ཡོད།

    མིག་སྔའི་བར་རྫོང་རིམ་པའི་ཆུ་དཔོན་གྱིས་ཆུ་ཁོངས་སུ་སྐོར་གཡེང་ཐེངས་27བྱས་པ་དང་། ཤང་དང་གྲོང་རྡལ་རིམ་པའི་ཆུ་དཔོན་གྱིས་ཆུ་ཁོངས་སུ་སྐོར་གཡེང་ཐེངས་97བྱས་པ། རིམ་རྩིས་བྱས་ན་ཆུ་དང་མཚོ་ངོགས་ཀྱི་གད་སྙིགས་ཏུན་11.8གཙང་སེལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།