2023ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད། བོད་ཀྱི་བྱ་སྤྱོད་སྤེལ་འགོ་ཚུགས་པ།
ཉེ་ཆར།2023ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད། བོད་ཀྱི་བྱ་སྤྱོད་ཀྱི་འགོ་ཚུགས་མཛད་སྒོ་འཚོགས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དཔལ་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད། བོད་ཀྱི་བྱ་སྤྱོད་ཀྱི་བརྗོད་དོན་གཙོ་བོ་ནི“ལྗང་མདོག་ཁྲོན་བོད་ལྕགས་ལམ་གྱི་བཀྲག་མདངས་འཚེར་སར་འགྱུར་བར་བྱེད་དགོས”ཞེས་པ་དེ་ཡིན་ཞིང་། གཙོ་བོ་ཁྲོན་བོད་ལྕགས་ལམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཚུལ་ལ་དམིགས་ནས་བཅའ་ཁྲིམས་དྲིལ་བསྒྲགས་དང་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།
འགོ་ཚུགས་མཛད་སྒོར་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“ཚན་རིག་དང་མཐུན་པའི་འཆར་འགོད་དང་། ལག་རྩལ་གྱི་འདེགས་སྐྱོར། སྐྱེ་ཁམས་སྲུང་སྐྱོང་། བདེ་འཇགས་བློས་འགེལ”བཅས་ཀྱི་སྤྱིའི་བསམ་ཕྱོགས་སྟངས་འཛིན་ཡག་པོ་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པར་སྐུལ་འདེད་གཏོང་དགོས།
2003ལོ་ནས་བཟུང་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད། བོད་ཀྱི་བྱ་སྤྱོད་ལོ་19སྤེལ་བས་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ཀྱི་སྤུས་རྟགས་སུ་གྱུར་ཡོད།