དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ལྗོངས་ནག་ཆུས་གཙང་པོའི་ཆུ་འགོ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-09

    གསར་འགོད་པས་ཉེ་ཆར་འཚོགས་པའི་བོད་ཀྱི་ནག་ཆུའི“གཙང་པོའི་ཆུ་འགོ”སྲུང་སྐྱོང་གི་གླེང་སྟེགས་སྐབས་དང་པོའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནག་ཆུ་གྲོང་ཁྱེར་གྱིས་གཙང་པོའི་ཆུ་འགོ་ཁུལ་སྲུང་སྐྱོང་གི“བྱ་སྤྱོད་ཆེན་པོ་གསུམ་དང་རྣམ་གྲངས་དགུའི་འདུ་འགོད”ལག་ལེན་གཏིང་ཟབ་བསྟར་བས་ནག་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། གཙང་པོའི་ཆུ་འགོ་ཁུལ་གདོད་མའི་རྣམ་པར་གནས་པ། སྐྱེ་ཁམས་མ་ལག་བརྟན་པོའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ། སྐྱེ་ཁམས་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ལོ་ལྟར་ཆུ་དཔོན་དང་མཚོ་དཔོན་གྱི་ལས་ཀའི་འཆར་གཞི་བཟོ་བ་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་ཆུ་དཔོན་དང་མཚོ་དཔོན་གྱིས་གཙང་པོའི་ཆུ་འགོར་སྲུང་སྐྱོང་དང་དོ་དམ་བྱེད་པའི་ལས་དོན་དོན་འཁྱོལ་བྱས་པས། འབྲི་ཆུའི་ཆུ་འགོ་དང་། འདམ་ར། འཁྱགས་རོམ་བཅས་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

    ནག་ཆུ་གྲོང་ཁྱེར་གྱིས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་འདུ་འགོད་ལག་བསྟར་བྱས་ནས། རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བཙུགས་ཏེ། ནག་ཆུའི་གཙང་པོ་གཙོ་བོའི་ཆུ་འགོ་ཁུལ་ལ་ཁྱབ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དྲ་རྒྱ་བཙུགས་ནས་འབྲི་ཆུའི་ཆུ་འགོ་སྐུ་ལྷ་དར་གདོང་སྤྱང་རྒན་ལྡེ་རུ་གཙང་གསུམ་ཆུ་འགོའི(གདང་ལའི་བྱང་ཕྱོགས་ས་ཁོངས)རྒྱལ་ཁབ་སྤྱི་གླིང་གི་བཀོད་པའི་ནང་བཅུག་ནས་རྒྱལ་མོ་རྔུལ་ཆུ་དང་། རྫ་ཆུ། ཡིད་འོང་གཙང་པོ། ལྷ་ས་སྐྱིད་ཆུ་སོགས་གཙང་པོའི་ཆུ་གཞུང་གཙོ་བོ་དང་ཆུ་ཕྲན་གྱི་ཆུ་འགོ་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་ནང་བཅུག་ནས་གཙང་པོའི་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲུང་སྐྱོང་ནུས་པ་དང་བདག་སྐྱོང་ཆུ་ཚད་མཐོ་རུ་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་9200བཏང་སྟེ་སྦྲ་ཆེན་རྫོང་ཡ་ང་གྲོང་རྡལ་གྱི་ས་ཆུ་སྲུང་འཛིན་དང་ཨ་མདོ་རྫོང་རྒྱལ་མོ་རྔུལ་ཆུའི་ཆུ་འགོའི་ས་ཆུ་ཤོར་བ་བཅོས་སྐྱོང་སོགས་རྣམ་གྲངས་9ལག་བསྟར་བྱས་པ་དང་། བཅོས་སྒྲིག་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་245ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི་ས་ཁོངས་ནང་ཁྱོན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་3དང་། རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་1 རྫོང་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་10 རྒྱལ་སྤྱིའི་འདམ་ར་གལ་ཆེན་1 རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་4བཅས་ཡོད།

    ནག་ཆུ་གྲོང་ཁྱེར་གྱིས་གཙོ་གནད་སྐྱེ་ཁམས་ནུས་པ་སྲུང་སྐྱོང་ཁུལ་གྱི་འདུ་འགོད་ལག་བསྟར་བྱས་ཏེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་གནས་སྤོའི་སྐྲུན་དངོས་ཤུལ་རོ་གཙང་སེལ་དང་སྔོ་གྱུར་སླར་གསོའི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། གཙང་པོའི་ཆུ་འགོའི་ཁུལ་གྱི་ཕྱུགས་བཀག་རྩྭ་ར་བསྙལ་བ་དང་། རྩྭ་ཕྱུགས་དོ་མཉམ། རི་རྒྱ་བསྡམས་ནས་ནགས་གསོ་རྩྭ་གསོ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། རྩྭ་ཐང་མུའུ་ཁྲི་5638ཀྱི་ཕྱུགས་བཀག་ཁུལ་ལ་ཚན་རིག་དང་མཐུན་པའི་དབྱེ་འབྱེད་བཅས་བྱས་པས་ཕྱུགས་འཚོ་དྲགས་པའི་རྐྱེན་གྱིས་གཙང་པོའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་ཕོག་པའི་གནད་དོན་མི་ཐོན་པ་བྱས་ཡོད། ས་བབ་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོའི་བཀོད་སྒྲིག་ལས་དོན་སྤེལ་བ་བརྒྱུད། གནས་སྤོ་ས་ནས་ལུག་ཁྲི་29.52ཉུང་དུ་སོང་བ་དང་རྩྭ་ར་རྒྱ་ཁྱོན་མུའུ་ཁྲི་9820ཕྱུགས་མེད་རྩྭ་རར་གྱུར་པ། མུའུ་9000ལྷག་ཙམ་གྱི་རྩྭ་ར་ཞན་གྱུར་ཚབས་ཆེན་སོང་བ་སླར་གསོ་ཐུབ་པ་དང་སྐྱེ་ཁམས་བདག་སྐྱོང་ལ་བརྟེན་ནས་སླར་གསོ་ཐུབ་པའི་རྒྱ་ཁྱོན་མུའུ་ཁྲི་4.9ཟིན་ཡོད།

    མིའི་རིགས་ཀྱི་བྱ་བྱེད་ཀྱིས་འཁྱགས་རོམ་དང་། ཆུ་བོ། མཚེའུ་བཅས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་ནུས་ལྡན་གཏོང་ཆེད། ནག་ཆུ་གྲོང་ཁྱེར་གྱིས་ཆུ་ལམ་གྱི་བྱེ་རྡོ་སྔོག་འདོན་བྱ་ཡུལ་75སྒོ་རྒྱག་ཏུ་བཅུག་པ་དང་། ཆུའི་ཁོར་ཡུག་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་ནས་རིམ་རྩིས་བྱས་ན་བཙོག་འབུད་མདོང་ལམ་110བཅོས་སྒྲིག་བྱས་པ། གྲོང་ཁུལ་གྱི་བཙོག་ཆུའི་མདོང་ལམ་དྲ་བ་གསར་སྐྲུན་དང་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་ནས་གསེར་རྙེད་ཆུས་ཀྱི་བཙོག་ཆུ་དང་། ཆར་ཆུ། ཆར་ཆུ་དང་བཙོག་ཆུ་མཉམ་རྒྱུག་དང་ནུས་པའི་མདོང་ལམ་དྲ་བ་བཅས་360.38kmབསྐྲུན་པ་དང་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁུལ་གྱི་འཚོ་བའི་བཙོག་ཆུ་གཙང་སེལ་བྱེད་ཚད་95%ཟིན་ཡོད།

    ནག་ཆུ་གྲོང་ཁྱེར་དུ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་ཆུ་དཔོན་དང་མཚོ་དཔོན་3458བསྐོས་པ་དང་། གཙང་པོ་དང་མཚོ་ཡི་སྲུང་སྐྱོང་དོ་དམ་ལ་མ་དངུལ་སྒོར་ཁྲི་3215བཏང་བ། རིམ་རྩིས་བྱས་ན་གཙང་པོ་དང་མཚོ་ལ་སྐོར་གཡེང་བྱེད་ཐེངས་ཁྲི་6.9ལྷག་ཙམ་ཟིན་པ་དང་སྐོར་གཡེང་ལམ་ཐག་སྤྱི་ལེ་ཁྲི་23.7ཟིན་ཡོད། གཙང་པོའི་ཆུ་འགོའི་ལྟ་འདོམས་མཐུན་སྦྱོར་མཉམ་སྒུལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ས་གནས་དང་ལས་རིགས་ཁག་དང་སྡེ་ཚན་ཁག་གི་ལྟ་འདོམས་འགན་འཁྲི་གསལ་པོ་བཟོས་ནས་སྲིད་གཞུང་གིས་གཙོ་བོ་བྱེད་པ་དང་། ལས་རིགས་སྡེ་ཚན་གྱིས་ལས་བགོས་མཐུན་སྦྱོར་བྱེད་པ། སྤྱི་དམངས་ཞུགས་པ་བཅས་ཀྱི་གཙང་པོའི་ཆུ་འགོ་སྲུང་སྐྱོང་ཆེན་པོ་དང་ལྟ་འདོམས་ཆེན་པོའི་བཀོད་པ་ཤིག་ཆགས་པར་བྱས་ཡོད། མིག་སྔའི་བར་ཆུའི་སྐྱེ་ཁམས་སྲུང་སྐྱོང་ལས་གནས་ལ་མི་153

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།