དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཁོར་ཡུག་སྲུང་སྐྱོང་ལས་ལ་གཞོལ། རི་ཀླུང་སྔོ་ཞིང་ཆུ་མོ་དྭངས།

    —— མལ་གྲོ་གུང་དཀར་རྫོང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-05

    ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་འཛུགས་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་ཐབས་སྣ་མང་སྤྱད་ནས་སྐྱེ་ཁམས་སྡོད་མལ་ལ་འཚམ་པ་དང་བདེ་སྐྱིད་ལྡན་པའི་མལ་གྲོའི་འཆར་འགོད་རི་མོ་ཞིག་བཀོད་ཡོད།

    རྫོང་ཡོངས་ཀྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ཡག་པོ་ལྡན་ཚད་100%ཟིན་པ་དང་། ཆུ་བོ་དང་མཚོ་གཙོ་བོའི་ཆུ་སྤུས་ཚང་མ་རྒྱལ་ཁབ་ཀྱི་རིགས་གསུམ་པའི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ། འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་ཡོད།

    མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས་རྫོང་ཡོངས་ཀྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་14བསྐྲུན་པ་དེ་ནི་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་རིམ་པའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་ཁྱོན་ཡོངས་ལ་ཁྱབ་པའི་རྫོང་དང་ཆུས་འབའ་ཞིག་དེ་ཡིན།

    སྔ་རྗེས་སུ་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་7ལྷག་ཙམ་བྱས་པ་དང་། ལྗོན་ཤིང་མེད་པའི་དུད་ཚང་2983ལ་ཤིང་སོན་སྤྲད་དེ་རིམ་རྩིས་བྱས་ན་སྡོང་ཕྲུག་ཁྲི་13ཙམ་བཏབ་པ་དང་། མལ་གྲོ་གུང་དཀར་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ལ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་སྔོན་ཐོན་མཉམ་སྡེབ་གྱི་མཚན་སྙན་རག་པ། སྨི་ངོས་གྲུ་ཁྲི་568ཙམ་གྱི་གཏེར་རིའི་སྐྱེ་ཁམས་སླར་གསོ་ཐུབ་ཡོད།

    མལ་གྲོ་གུང་དཀར་རྫོང་གི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཀྱི་ལས་དོན་ལ་སྐུལ་འདེད་བཏང་ཞིང་། 2021ལོར་མལ་གྲོ་གུང་དཀར་རྫོང་གི་དག་པ་གྲོང་ཚོ་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོར་བདམས་ཡོད།

    2022ལོར་མལ་གྲོ་གུང་དཀར་རྫོང་གིས་རྒྱལ་ཁབ་རིམ་པའི་ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་ཁག་དང་པོ་བདེ་བླག་ངང་བསྐྲུན་པ་དང་། 2023ལོར་བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་དང་ཆུས་བདེ་བླག་ངང་བཏོད་ཡོད།

    གྲུབ་འབྲས་དེ་དག་ནི་མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ལོ་མང་རིང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་། “སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་པའི”འཐབ་ཇུས་མཐའ་འཁྱོངས་བྱས་ཏེ“དགུང་སྔོན་དང་། ཆུ་དྭངས། ས་གཙང”བཅས་ཀྱི་སྲུང་སྐྱོང་དམག་འཐབ་རྒྱུན་མཐུད་ཡག་པོ་བརྒྱབ་པ་ལས་བྱུང་ཡོད།

    ལོ་མང་རིང་། མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“འདུ་ཤེས་གཅིག་ལས་ཐུན་མོང་གི་ངོས་འཛིན་ཆགས་པ་དང་། འཆར་འགོད་རི་མོ་ཞིག་གིས་མཛུབ་ཁྲིད་བྱེད་པ། འགན་གཙོ་བོ་འཁུར་མཁན་གྱིས་འདུ་འགོད་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། སྲུང་སྐྱོང་དང་འཕེལ་རྒྱས་གལ་ཆེ་མཉམ་འཛིན་དང་། འགོག་བཅོས་དང་འཕེལ་རྒྱས་མཉམ་འབྲེལ། བཅོས་སྐྱོང་དང་འཕེལ་རྒྱས་མཉམ་འབྲེལ། བཅོས་སྐྱོང་དང་འཕེལ་རྒྱས་མཉམ་སྤེལ་བཅས་ཀྱི་སྐྱེ་ཁམས་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བཏོད་ཡོད། “ཆུ་དཔོན་མཚོ་དཔོན་དང་ཅན་ཁྲ་ཀྲང་ཟུང་དུ་འབྲེལ་བའི”མཉམ་འགུལ་ལས་དོན་གྱི་མཉམ་སྒྲུབ་ལམ་སྲོལ་བཙུགས་ནས། རྫོང་ཡོངས་ཀྱི་ནགས་དཔོན་323དང་། ཆེད་བསྐོས་ནགས་སྲུང་བ་1088 སྐྱེ་ཁམས་ཀྱི་ལས་གནས་1400ལྷག་ཙམ་གྱི་སྟོབས་ཤུགས་སྤྱི་འདོམས་དང་། བདག་སྐྱོང་གི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ། ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་མ་ཐོན་པའི་འགན་ལེན་བཅས་བྱས་པས་མང་ཚོགས་ཀྱིས་རང་ཉིད་སྡོད་སའི་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་གི་ཧུར་སེམས་ཆེ་རུ་ཕྱིན་ཡོད།

    མལ་གྲོ་གུང་དཀར་རྫོང་གིས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་དང་ལྗང་མདོག་གཏེར་རི་བསྐྲུན་ནས“སྲུང་སྐྱོང་བྱེད་རིང་གསར་སྤེལ་དང་གསར་སྤེལ་བྱེད་རིང་སྲུང་སྐྱོང་བྱེད་པའི”འདུ་ཤེས་གཞིར་བཟུང་། “ཡུག་ཁུལ་གཅིག་གསར་སྤེལ་དང་། ཡུག་ཁུལ་གཅིག་བརྟན་པོ། ཡུག་ཁུལ་གཅིག་བཅོས་སྐྱོང་། ཡུག་ཁུལ་གཅིག་ལ་ཕན་འབྲས་ཐོན་པ”བཅས་ཀྱི་རྩ་དོན་ལ་ནན་པོར་གཞིཌ་ཏེ། གཏེར་རིའི་ཁེ་ལས་ཀྱིས་སྔ་རྗེས་སུ་སྒོར་དུང་ཕྱུར་4བཏང་ནས་སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་ཐོག་ཤིང་འཛུགས་པ་དང་། དེ་བཞིན་དེང་རབས་ཀྱི་སྔོ་ཁེབས་འདེབས་པའི་ལག་རྩལ་གསར་ཤོས་སྤྱད་དེ། སྨི་ངོས་གྲུ་ཁྲི་568ཀྱི་སྐྱེ་ཁམས་སླར་གསོ་བྱས་པ་དང་། སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་20.9བཏབ་ཡོད། ས་བབ་མཐོ་ཚད་སྨི་5000མན་གྱི་སར“ཡུག་གཅིག་གི་སྔོ་འགྱུར་ཁུལ”དང་ས་བབ་སྨི་5000ཡན་གྱི་སར“ཕྲེང་བརྒྱུད་རྣམ་པའི་སྔོ་འགྱུར་ཁུལ”གྱི་རྣམ་པ་ཞིག་སྤྱིར་ན་ཆགས་ནས་ཁྱད་ཆོས་ལྡན་པའི་ས་མཐོའི་སྐྱེ་ཁམས་སླར་གསོའི་ཉམས་མྱོང་ཞིག་གྲུབ་ཡོད།

    མལ་གྲོ་གུང་དཀར་རྫོང་གིས་སྔ་རྗེས་སུ་རྫོང་ཡོངས་ཀྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་14བསྐྲུན་ནས་གྲོང་ཁྱེར་ཡོངས་ཀྱི་སྔོན་དུ་ཤང་གྲོང་རིམ་པའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་ཚང་མར་ཁྱབ་པར་བྱས་ཡོད། མིག་སྔར་བཙོག་ཆུ་གཙང་གསིང་བཟོ་གྲྭས་གཙང་སེལ་བྱས་པའི་ཆུའི་སྤུས་ཚད་ཚང་མ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་Aཚད་གཞིར་སླེབས་ཏེ། ཆུ་འགོ་ནས་ལྷ་ས་སྐྱིད་ཆུའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཐུབ་ཡོད།

    རི་སྔོན་ཆུ་དྭངས་མཉམ་དུ་གནས། དགུང་སྔོན་ས་གཙང་མཉམ་དུ་འགྲན། དེ་ནི་མལ་གྲོ་གུང་དཀར་རྫོང་གི་མི་དམངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་བྱས་པའི་སྐྱེ་ཁམས་སྲུང་སྐྱོང་ལས་ཀར་ཐོབ་པའི་གྲུབ་འབྲས་རེད། མལ་གྲོ་གུང་དཀར་རྫོང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱས་པ་དང་། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་བསྐྲུན་ཏེ། མཛེས་སྡུག་དང་སྡོད་མལ་གྱི་ལེའུ་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་བརྩམས་ཡོད།

    མལ་གྲོ་གུང་དཀར་རྫོང་ཁོངས་སུ་རྩྭ་ཆུར་ཅི་དགར་རོལ་བཞིན་པའི་གནའ་ཁྱུ།

    མལ་གྲོ་གུང་དཀར་རྫོང་ཁོངས་ཀྱི་ཞིང་ནང་ཟས་འཚོལ་བཞིན་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག

    སྟོན་དུས་སུ་ཤིང་འཛུགས་ལས་ལ་བྲེལ་བཞིན་པའི་མལ་གྲོ་གུང་དཀར་རྫོང་གི་ལས་བྱེད་ལས་བཟོ།

    མལ་གྲོ་གུང་དཀར་རྫོང་རྒྱ་མ་ལུང་ཤུར་གྱི་ཟུར་ཞིག་ཡིན་པ།

    མལ་གྲོ་གུང་དཀར་རྫོང་གི་ཡུལ་ལྗོངས་ཧྲིལ་པོ།

    མལ་གྲོ་གུང་དཀར་རྫོང་གི་ཀ་ཚལ་ཁུལ་གསར།

    མལ་གྲོ་དམར་ཆུའི་འགྲམ་དུ་ཅི་དགར་རོལ་བའི་ཁྲུང་ཁྲུང་མགོ་ཁྲ།

    མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་མཐའ་རྒྱས་གྲོང་ཚོར་སེར་ཐིང་ངེར་བཞད་པའི་པད་ཁའི་མེ་ཏོག

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།