དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས“སྟབས་བསྟུན་ཁྲིམས་སྒྱུར”གྱི་ལམ་སྲོལ་གསར་པ་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-03

    འདི་ལོ་ཚུན། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལྟ་འདོམས་དང་ཁྲིམས་སྒྱུར་ལས་དོན་ཁྲོད་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་ཐབས་གསར་པ་ལག་བསྟར་ཧུར་ཐག་བྱས་ནས་ལྟ་འདོམས་ལས་དོན་ཁྲོད་བསྟུན་མཁས་ཞིབ་ནན་གྱི“སྟབས་བསྟུན་ཁྲིམས་སྒྱུར”དང་གནད་སྨིན་ཁྲིམས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཤེས་དཔལ་ཚད་ལྡན་དང་སྟབས་བསྟུན་ནུས་ཆེའི་ལྟ་འདོམས་མ་ལག་བཙུགས་ནས་ཚོང་གཉེར་ཁོར་ཡུག་ཡག་པོ་བཏོད་ཡོད།

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་བཙོག་འབུད་ཆོག་འཐུས་དོ་དམ་ལས་སྟེགས་ཀྱི་མ་ལག་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་ཤིག་གིས་དུས་བཀག་ནང་2022ལོའི་བཙོག་འབུད་ཆོག་འཐུས་ལག་བསྟར་སྙན་ཞུ་མ་ཕུལ་བར《བཙོག་འབུད་ཆོག་འཐུས་དོ་དམ་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལས་འགལ་བ་ཤེས་རྟོགས་བྱུང་བ་རེད། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་ཞིབ་བསྡུར་བྱས་པ་བརྒྱུད་ཀུང་སི་དེས་ཐོན་སྐྱེད་བྱེད་མཚམས་བཞག་པ་དོན་དངོས་ཡིན་པ་གཏན་འཁེལ་བྱས་ཤིང་། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་ཀུང་སི་དེར་དམིགས་སའི་རང་བཞིན་གྱི་བཅའ་ཁྲིམས་ཁྱབ་གདལ་སློབ་གསོ་སྤེལ་བ་རེད།

    ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་སྐལ་བཟང་བག་གྲོས“ཉེ་བའི་ལོ་ཤས་རིང་། ང་ཚོས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྒྱུར་ཁྱབ་ཁོངས་སུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྒྱུར་སྦྱོང་བརྡར་ཆེན་པོའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས། ཁྲིམས་སྒྱུར་བྱེད་སྟངས་སྔར་བས་ལེགས་སུ་གཏོང་བ་དང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། ཁྲིམས་སྒྱུར་གྱི་ཕན་འབྲས་ཆེ་རུ་གཏོང་བ། ‘སྟབས་བསྟུན་ཁྲིམས་སྒྱུར’གྱི་ལམ་སྲོལ་གསར་པ་ཁྱབ་གདལ་ཧུར་ཐག་གཏོང་བ། ‘ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཡིན་པའི’འདུ་ཤེས་ལག་ལེན་བསྟར་བ་བཅས་བྱས་ནས་ཁྲིམས་འཛིན་ལ་ཤུགས་ཚད་ཡོད་ལ་ཟབ་ཚད་ཀྱང་ལྡན་པར་བྱས་ཡོད”ཅེས་བརྗོད་པ་རེད།

    སྐལ་བཟང་བག་གྲོས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བ་བརྒྱུད། “སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ”དང་། “སུས་ཞབས་འདེགས་ཞུས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ” “སུས་དོ་དམ་བྱས་ན་དེས་འགན་ཁུར་བ”བཅས་ཀྱི་རྩ་དོན་ལ་གཞིགས་ཏེ། ལས་སྒོ་དང་བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལ་སྤྱི་འདོམས་བཀོད་སྒྲིག་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲི་སྐྱེ་ཁམས་ཁོར་ཡུག་གི་སྲིད་འཛིན་ཞིབ་མཆན་འགོད་པ་དང་། སྲིད་འཛིན་ཁྲིམས་སྒྱུར། སྲིད་འཛིན་ཞིབ་བཤེར། སྲིད་འཛིན་ཆད་གཅོད་སོགས་ལས་སྒོའི་ལག་ལེན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད། ཁྲིམས་སྒྱུར་མི་སྣས་ཁྲིམས་འགལ་གྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་ལས་སྙིང་རྗེ་གཏན་ནས་བྱེད་མི་རུང་བ་དང་། ཁྲིམས་ལས་ཚབས་ཆེན་འགལ་བ་དང་མ་རུང་ཁོག་བཅུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས་ཁྲིམས་འགལ་བྱེད་སྤྱོད་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་བཟོས་རིགས་ལ་ཐར་པར་གཏན་ནས་གཏོང་མི་རུང་། ཁྲིམས་འགལ་གྱི་ཉེས་ཚབས་ཆུང་བ་དང་རང་ངོས་ཁྲིམས་འགལ་གྱི་བྱེད་སྤྱོད་མིན་པ་མ་ཟད། དག་ཐེར་ཡོ་བསྲང་ལ་གཞོགས་འདེགས་ཧུར་ཐག་བྱས་པའི་ཁེ་ལས་ལ་མཚོན་ན། ཁྲིམས་སྒྱུར་མི་སྣས་ཆད་གཅོད་དང་སློབ་གསོ་ཟུང་འབྲེལ་གྱི་རྩ་དོན་ལ་ནན་པོར་གཞིགས་ནས་ཆད་གཅོད་ཆག་ཡང་དང་རྩ་ཆག་བཏང་ནས། ཁེ་ལས་ལ་རང་འགུལ་ངང་ཁྲིམས་འགལ་གྱི་བྱེད་སྤྱོད་ཆུང་ངུ་དུས་ཐོག་ཏུ་ཡོ་བསྲང་བྱ་རྒྱུའི་ལྕག་སྐུལ་དང་ཁྲིད་སྟོན་བྱས་ཏེ་ཁེ་ལས་ཀྱིས་དག་ཐེར་ཡོ་བསྲང་བྱས་པ་བརྒྱུད་མུ་མཐུད་རྡོག་ཁྲེས་ཕབ་སྟེ་ལས་ཀར་ཞུགས་ཐུབ་པར་བྱས་ནས་ཁེ་ལས་ཀྱི་ལྗང་མདོག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། “སྟབས་བསྟུན་ཁྲིམས་སྒྱུར”དང་དོན་མེད་སེམས་ཁྲལ་མི་བྱེད་པའི་གནད་སྨིན་ཁྲིམས་སྒྱུར་བརྒྱུད་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་ཁེ་ལས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཚོང་གཉེར་བར་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།