དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་མཁར་རྨོག་གྲོང་ཚོར།

    སྐྱས་ཁྲོམ་དཔལ་འབྱོར་གྱི་གསོན་ཤུགས་རྒྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-01

    འདི་ནི་ཀོང་ཏུང་གི་ཡུལ་སྐོར་བས་རྟ་བཞོན་ནས་མཁར་རྨོག་གྲོང་ཚོའི་ཉེ་འགྲམ་གྱི་ཡུལ་ལྗོངས་ལ་མྱོང་རོལ་བྱེད་བཞིན་པ།

    འདི་ལོ་ནས་བཟུང་རྒྱལ་ལམ་318ཀྱི་ས་བབ་ལེགས་ཆ་དང་ཡུག་སྦྲེལ་གངས་རིའི་རང་བྱུང་ཐོན་ཁུངས་དང་ཁྲོམ་ར་སོགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མཁར་རྨོག་གྲོང་ཚོར་བཅའ་སྡོད་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་མི་དམངས་སྲིད་གཞུང་གི་ལས་དོན་རུ་ཁག་གིས“བཟའ་བཏུང་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད། མྱོང་རོལ། འགྲེམས་སྟོན། འཁྲབ་སྟོན”བཅས་ཀྱི་མཚན་ཁྲོམ་གྱི་རྣམ་པ་གསར་པར་དམིགས་ནས། ཞིང་འབྲོག་པའི་བསམ་བློར་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཉམས་འགྱུར་མི་འདྲ་བ་དང་ཁྱད་ཆོས་མངོན་གསལ་དོད་པའི་སྐྱས་ཁྲོམ་དཔལ་འབྱོར་བཏོད་པས་ཡུལ་སྐོར་བ་མང་བའི་དུས་སུ་ཉིན་རེར་ཡུལ་སྐོར་བ་4000ལྷག་ཙམ་ལ་སྣེ་ལེན་ཞུས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལ་གསོན་ཤུགས་གསར་པ་བསྣན་ཡོད།

    “བྲོ་ཞིམ་བསྲེགས་ཟས་ཀྱི་བྲོ་བ་མྱོང་བར་ཕེབས་དང”ཞེས་རྒྱལ་མགོན་གྱིས་འབོད་པ་དང་བསྟུན་ནས་ཁོང་གི་བསྲེགས་ཟས་སྐྱས་ཁྲོམ་གྱི་མདུན་དུ་མིས་ཁེངས། ཡུལ་སྐོར་བས་གངས་རིའི་མཛེས་ལྗོངས་ལ་ལྟ་བཞིན་བསྲེགས་ཟས་ཀྱི་བྲོ་བ་མྱོང་བཞིན་ཡོད། ཡུལ་སྐོར་བ་མང་བའི་དུས་སུ་ཁོང་ལ་ཉིན་རེར་ཚོང་གཉེར་ཡོང་འབབ་སྒོར་4000ནས་8000བར་རག་གི་ཡོད། “ཉིན་བརྒྱའི་བརྟག་དཔྱད་ཆེ་མོ”གོ་སྐབས་སུ་བྱས་ཏེ་ཁྱོན་ཡོངས་ནས་བརྟག་ཞིབ་གཏིང་ཟབ་བྱས་པ་དང་། “མཛུབ་ཁྲིད་བྱེད་པ་ལས་འགོ་ཁྲིད་མི་བྱེད་པ་དང་། གནད་འཁེལ་ཡོང་བ་ལས་ཚད་ལས་མི་བརྒལ་བ། ཐེ་ཞུགས་བྱེད་པ་ལས་ཐེ་ཇུས་མི་བྱེད་པ”སོགས་ཀྱི་ལས་དོན་སྤེལ་སྟངས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་7.5རང་གྲབས་དང་སྲིད་གཞུང་གིས་སྒོར་ཁྲི་2.5ཁ་གསབ་བྱས་ཏེ་ཁྲོམ་བཀྱག25གཅིག་གྱུར་ཉོས་པས། ཡུལ་སྐོར་བ་མང་བའི་དུས་སུ་ཉིན་རེར་ཆ་སྙོམས་ཚོང་གཉེར་ཡོང་འབབ་སྒོར་600ནས་1000བར་ཟིན་གྱི་ཡོད་པ་མ་ཟད། བུད་མེད་མང་ཚོགས་25ལ་རང་བརྟེན་ལས་གཏོད་བྱེད་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་སྟེ་གྲོང་གསེབ་ཀྱི་ཡུལ་སྐོར་དཔལ་འབྱོར་དར་རྒྱས་གོང་འཕེལ་བཏང་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་སྤྱི་སྐད་གསོ་སྦྱོང་བྱས་ནས་མང་ཚོགས་ཀྱི་རང་གཤིས་ཅན་འཛད་སྤྱོད་ཀྱི་དགོས་མཁོ་བསྐངས་ནས་ཞིང་འབྲོག་མང་ཚོགས་དང་ཡུལ་སྐོར་བའི་སྤེལ་རེས་ལ་དེ་བས་སྟབས་བདེ་བསྐྲུན་ཡོད།

    ཡུལ་སྐོར་བ་མང་པོ་དེ་གར་པར་རྒྱག་པའམ་ཡང་ན་བློར་བབས་པའི་ཅ་དངོས་ཉོ་བར་ཡོང་གི་ཡོད། ཡང་ཡུལ་སྐོར་བ་ལ་ལ་ཞིང་འབྲོག་པའི་ཚོང་པ་དང་གྲོགས་གསར་རང་སྒྲིག་བསམ་གྱི་ཡོད། བག་ཕེབས་ངང་ཞིང་ནང་དུ་རྟ་བཞོན་ནས་ཉེ་འགྲམ་གྱི་ཡུལ་ལྗོངས་ལ་མྱོང་རོལ་བྱེད་བཞིན་ཞིམ་ཟས་ཟ་བ་སོགས་ལས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཉིན་རེར་ཡོང་འབབ་སྒོར་1000ནས་4000བར་ཟིན་གྱི་ཡོད།

    བཟང་བཏུང་རོལ་རྩེད་ནས་མི་སེར་གྱི་དགོས་མཁོར་དམིགས་པ་དང་འཚོ་བའི་མཛེས་སྡུག་དོན་གཉེར་བྱེད་པའི་བར་དང་། ཁྲོམ་རའི་འཕེལ་ཕྱོགས་ནས་ཞིང་འབྲོག་པ་རང་འགུལ་ངང་ཞུགས་པའི་བར་ཁྲབ་རྨོག་གྲོང་རྡལ་མཁར་རྨོག་གྲོང་ཚོའི་སྐྱས་ཁྲོམ་དཔལ་འབྱོར་དེ་གྲོང་གསེབ་ཀྱི་ཉམས་འགྱུར་དང་མཉམ་འདྲེས་ཐུབ་ནས་མི་སེར་གྱི་བདེ་སྣང་དང་ཐོབ་སྣང་ཆེ་རུ་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།