དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ཀྱི་གྲོང་ཁྱེར་འདམ་རའི་སྐྱེ་ཁམས་མ་ལག་ལྟ་ཞིབ་ཚད་ལེན་ས་ཚིགས་ཐོག་མའི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-22

     ཉེ་ཆར། “ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཚན་སློབ་རྟེན་གཞི”དང“ལྷ་ཀླུ་འདམ་རའི་སྐྱེ་ཁམས་མ་ལག་ངེས་གནས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས”(གཤམ་དུ“རྟེན་གཞི་གཅིག་དང་ས་ཚིགས་གཅིག”ཅེས་བསྡུ་རྒྱུ)”ཀྱི་སྒོ་བྱང་དངོས་སུ་བཀལ་བ་དེ་ཐོག་ནས་བོད་ཀྱི་གྲོང་ཁྱེར་འདམ་རའི་སྐྱེ་ཁམས་མ་ལག་ལྟ་ཞིབ་ཚད་ལེན་ས་ཚིགས་ཐོག་མ་དེ་བསྐྲུན་པ་མཚོན་ཡོད་པ་རེད།

    “‘རྟེན་གཞི་གཅིག་དང་ས་ཚིགས་གཅིག’བསྐྲུན་པ་ནི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་རྒྱུན་སྲིང་ལྷོད་མེད་ངང་ཡག་པོ་བསྒྲུབས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་རེད”ཅེས་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སློབ་སྤྱི་ཅིན་ཡུང་པིང་གིས་བརྗོད་པ་དང་། ཁོང་གིས་སླད་ཕྱིན་ལས་དོན་སྒྲུབ་རིང་བོད་ལྗོངས་སློབ་ཆེན་གྱིས་རིག་ཚན་གྱི་ལེགས་ཆ་དང་། ཤེས་ལྡན་པའི་ལེགས་ཆ། ཚན་རྩལ་གསར་གཏོད་ཀྱི་ལེགས་ཆ་བཅས་གང་ལེགས་བཏོན་ཏེ་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ལེགས་ཆ་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད་བྱེད་པ་དང་།“རྟེན་གཞི་གཅིག་དང་ས་ཚིགས་གཅིག”གི་ལས་སྟེགས་སྤྱོད་པ། བོད་ཀྱི་སྐྱེ་ཁམས་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱས་ཏེ་ཁུལ་ཁོངས་ཙམ་མ་ཟད་ཐ་ན་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ཧྲིལ་པོའི་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཆེད་ལས་ཀྱི་བསམ་འཆར་དང་སྲིད་ཇུས་ཀྱི་གྲོས་འགོ་བཏོན་ནས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཇུས་འདོན་ཚོགས་པ་ཡག་པོ་ཞིག་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།