ཡངས་ཤིང་རྒྱ་ཆེ་བའི་བོད་ལྗོངས། མཛེས་ཤིང་ལྟ་ན་སྡུག་པའི་སྤུ་ཧྲེང་།
མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། རྒྱ་གར་དང་ནེ་པ་ལ་དང་ས་མཚམས་འབྲེལ་བ། “གངས་རིས་བསྐོར་བའི་ས་ཁོངས”ཞེས་བརྗོད་སྲོལ་ཡོད། སྐད་གྲགས་ཆོད་པའི་གངས་རིན་པོ་ཆེ་དང་། གནས་མོ་སྣ་གཉིས། མ་ཕམ་གཡུ་མཚོ་བཅས་ཚང་མ་སྤུ་ཧྲེང་རྫོང་ཁོངས་སུ་གནས་པ་དང་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད། འདི་ནི་སྤུ་ཧྲེང་རྫོང་ཁོངས་ཀྱི་མ་ཕམ་གཡུ་མཚོ་ཡིན་པ་དང་རྒྱང་རིང་གི་གངས་རི་ནི་གངས་རིན་པོ་ཆེ་ཡིན་པ་རེད།