དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཇོ་མོ་གླང་མའི་མཛེས་ལྗོངས་ཉམས་སུ་མྱོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-16

    འདི་ལོ་ཚུན་དུ་རང་ལྗོངས་ཀྱིས་ཡུལ་སྐོར་གྱི་གཟིགས་སྐྱོང་བྱ་དགའ་དང་ཁ་གསབ་སྤྲོད་པའི་བྱེད་ཐབས་དང་ལྗོངས་ནང་ཁུལ་དུ་ཡུལ་སྐོར་བྱེད་པའི་འཛད་སྤྱོད་འཛིན་ཤོག་སོགས་སྤྲད་ནས་ཡུལ་སྐོར་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཁག་12བཏོན་པ་དང་། རྒྱལ་ལམ་219ཡི་གསར་བརྗེའི་དྲན་ཤེས་སོགས་ཡུལ་སྐོར་གྱི་ལམ་ཐིག་མང་པོ་བཏོད་ནས་མི་དེ་བས་མང་བ་བོད་དུ་ཡུལ་སྐོར་ལ་ཡོང་བའི་ཡིད་དབང་བཀུག་པ་མ་ཟད། རང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱང་བཏང་ཡོད། འདི་ལོའི་ཟླ་དང་པོ་ནས་བདུན་པ་བར་རིམ་རྩིས་བྱས་ན་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3634.76ལ་སྣེ་ལེན་ཞུས་པར་ལོ་འཁོར་གྱི་འཆར་གཞིའི་93.2%ལེགས་གྲུབ་བྱུང་བ་དང་། ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་439.03བྱུང་ནས་ལོ་འཁོར་གྱི་འཆར་གཞིའི་86.09%ལེགས་གྲུབ་བྱུང་ཡོད། འདི་ནི་ཡུལ་སྐོར་བས་ཇོ་མོ་གླང་མའི་སྒར་ས་ཆེན་པོར་དྲན་རྟེན་པར་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།