དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྗང་མདོག་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པ།

    གནམ་ལྕགས་འབར་བ་——བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་སྐབས་དང་པོར་དོ་ཁུར་རྒྱ་ཁྱབ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-16

    ཟླ་9ཚེས་10ཉིན། གནམ་ལྕགས་འབར་བ་——བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཉིང་ཁྲིར་གཉེར་བ་རེད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་རྣམས་རི་བོ་གནམ་ལྕགས་འབར་བའི་རི་གཤམ་དུ་འཛོམས་ནས་མཉམ་དུ་སྐྱེ་ཁམས་ཤེས་དཔལ་སྐོར་གླེང་བ་དང་། ལྗང་མདོག་འཕེལ་རྒྱས་ཇུས་འགོད་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཐུན་མོང་ངོས་འཛིན་གྱི་མཉམ་ཤུགས་གཅིག་ཏུ་འགྲིལ་བ་བཅས་བྱས་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དུས་རབས་ཀྱི་ལེའུ་ཞིག་བརྩམས་ཡོད།

    མཚོ་བོད་ས་མཐོ“འཛམ་གླིང་ཡང་རྩེ”དང་། “སའི་གོ་ལའི་སྣེ་གསུམ་པ” “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”བཅས་སུ་གྲགས་པ་དང་། རང་རྒྱལ་དང་ཨེ་ཤེ་ཡ་ཙམ་མ་ཟད། ཐ་ན་གོ་ལ་ཧྲིལ་པོའི་ཆུ་བདེ་འཇགས་དང་། སྐྱེ་ཁམས་བདེ་འཇགས། གནམ་གཤིས་བདེ་འཇགས། ཁོར་ཡུག་བདེ་འཇགས་བཅས་ཀྱི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད་པས་སྐྱེ་ཁམས་སྲུང་སྐྱོང་གི་གནས་བབ་དམིགས་བསལ་ཞིག་ཡོད། ད་ཐེངས་ཀྱི་གླེང་སྟེགས་ཐོག“ཚན་རིག་རྟོག་ཞིབ་ཀྱིས་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་རྒྱུ་རྐྱེན་གསལ་སྟོན་བྱེད། ·རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དེ་ཐོག་ནས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཁྲོད་ཀྱི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་གང་ལེགས་མཚོན་ཡོད་པ་རེད།

    གླེང་སྟེགས་ཐོག་ཡོན་ཧྲི་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་ཀྱིས་བརྗོད་དོན་གཙོ་བོར་དམིགས་ཏེ་གཙོ་དོན་གཏམ་བཤད་དང་རིག་གཞུང་བགྲོ་གླེང་སྤེལ་རེས་བྱས་ནས། ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་རྒྱུ་རྐྱེན་ཁྲོད་ཁྱབ་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ། སེམས་ནུས་གཅིག་སྒྲིལ་གྱིས་བོད་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་རོགས་བྱས་པ་རེད།

    ལྗོངས་ཕྱི་ནང་དུ་གླེང་སྟེགས་དེར་དོ་ཁུར་རྒྱ་ཁྱབ་བྱེད་པ་དང་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་གླེང་སྟེགས་གཉེར་བ་དེས་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱེད་པ་དང་། ད་ཐེངས་ཀྱི་གླེང་སྟེགས་གོ་སྐབས་སུ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཤུགས་ཆེན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་། སྐྱེ་ཁམས་ཡུལ་སྐོར། ཐོན་ལས་གཞན་སྒྱུར་དང་རིམ་སྤོར་སོགས་ལ་མཐུན་སྦྱོར་ཤུགས་འདོན་དང་དངོས་འཛིན་དངོས་སྒྲུབ་ཀྱིས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུ་རེད།

    ཉིན་ཤས་བསྟུད་མར་མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། དཔལ་འབྱོར་ཉིན་རེའི་ཚགས་པར་སོགས་ཀྲུང་དབྱང་སྨྱན་སྦྱོར་གྱིས་གླེང་སྟེགས་ལ་དམིགས་པ་དང་ཉིང་ཁྲིར་དམིགས་ནས་རྣམ་པ་སྣ་ཚོགས་ཀྱི་གནས་ཚུལ་སྤེལ་གཏོང་བྱས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་བྱམས་པ་བསྟན་འཛིན་གྱིས“གནམ་ལྕགས་འབར་བ་——བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་སྐབས་དང་པོ་ཉིང་ཁྲིར་གཉེར་བ་དེ་ནི་རང་སྐྱོང་ལྗོངས་ཀྱིས་ཉིང་ཁྲིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་ཁས་ལེན་བྱས་པ་ཞིག་རེད། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་གླེང་སྟེགས་ཐོག་བཏོན་པའི་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་ལས་ང་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། གོམ་སྟབས་རྗེས་མར་ཉིང་ཁྲི་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། ཆོད་སེམས་དང་། བློ་སྟོབས། ལས་དོན་སྒྲུབ་ཤུགས་བཅས་དེ་བས་ཆེ་བར་བརྟེན་ནས་ཉིང་ཁྲིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་མདུན་དུ་སྐྱོད་པ་དང་མིག་དཔེ་སྟོན་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

    ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲུང་གོ་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཞུས་ཞང་ཏེས“མི་རྣམས་ཀྱིས‘ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག’ཇི་ལྟར་གྲུབ་པ་ཤེས་འདོད་བྱེད་ཀྱི་ཡོད། གླེང་སྟེགས་དེ་བརྒྱུད་ང་ཚོས་ལས་རིགས་དང་སྡེ་ཚན་ལས་བརྒལ་བའི་བགྲོ་གླེང་བྱས་ནས་ང་ཚོའི་འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་འགོད་བྱས་ཡོད། རིགས་པའི་གཞུང་ལུགས་སྤེལ་རེས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་རིག་ཚན་ལས་བརྒལ་བའི་གྲོས་བསྡུར་དེས་ང་ཚོས་མཚོ་བོད་ས་མཐོར་སྲུང་སྐྱོང་ཡག་པོ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཡག་པོ་བྱེད་པར་ངོས་འཛིན་སྔར་བས་ཟབ་མོ་ཐུབ་པར་ཕན་ཐོགས་ཡོད”ཅེས་བཤད་པ་རེད།

    ལྗང་མདོག་ནི་རང་བྱུང་གི་རང་མདངས་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རང་མདངས་ཀྱང་ཡིན་པས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག ཚོགས་ཞུགས་མི་སྣས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཚེ་སྐྱེ་ཁམས་བཟང་པོ་ལས་ཕྱོགས་བསྡུས་ཕན་འབྲས་ཟམ་མི་ཆད་པར་ཐོན་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ཐུབ་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།