དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དར་རྒྱས་རྣམ་པ་གསར། སྐྱིད་པའི་གླུ་དབྱངས་ལེན།

    —— ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པའི་ཕྱོགས་བསྡུས་གནས་ཚུལ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-08

    ཟླ་8ཚེས་27ཉིན། “ཉམས་དགའི་ཞང་ཞུང་གནའ་ཉམས། མཛེས་པའི་མཁའ་དབྱིངས་མངའ་རིས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དུས་ཡུན་ཉིན་བདུན་གྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པ་ཕུན་སུམ་ཚོགས་པོའི་སྒོ་ནས་མཇུག་འགྲིལ་བ་རེད།

    ད་རེས་ཀྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་ལ་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་གཉིས་དང་ཁེ་ལས་གསུམ། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ། སྤུན་ཟླའི་གྲོང་ཁྱེར། ལས་རིགས་ཁག་བཅས་ཀྱི་འཐུས་མི་སོགས་སྐུ་མགྲོན་400ལྷག་ཙམ་གདན་འདྲེན་ཞུས་པ་དང་། མངའ་རིས་དང་ལྗོངས་ཕྱི་ནང་དབར་ཕྱོགས་གང་ས་ཅི་ཐད་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་ནས་མངའ་རིས་ཀྱི་སྐད་གྲགས་ཆོད་ཚད་དང་། སྒོ་མོ་འབྱེད་ཚད། ཤུགས་རྐྱེན་ཐེབས་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ་རེད། དུས་ཆེན་རིང་། ས་ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་མི་ཐེངས་ཁྲི་12ཙམ་བྱེད་སྒོ་ཁག་ལ་ཞུགས་ནས། ཉེ་བའི་ལོ་ཤས་རིང་མངའ་རིས་ས་ཁུལ་གྱི་བྱེད་སྒོར་ཞུགས་མཁན་མང་ཤོས་དང་། གཞི་ཁྱོན་ཆེ་ཤོས་ཀྱི་རིག་གནས་ཡུལ་སྐོར་སྟོན་མོ་གཟབ་རྒྱས་ཤིག་ཏུ་གྱུར་པ་རེད།

    རིག་གནས་ཡུལ་སྐོར་དུས་ཆེན་རིང་། རིམ་རྩིས་བྱས་ན། བརྗོད་གཞི་མི་འདྲ་བའི་རིག་རྩལ་འཁྲབ་སྟོན་ཐེངས་གསུམ་བྱས་ཤིང་། སྐུ་མགྲོན་ལ་ངོ་མཚར་ཆེ་བའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་སྟེ། འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ལ《གནའ་བོའི་ཉམས་འགྱུར》དང་། 《སྙན་ངག་གི་འགྱུར་ཁུག》 《འོད་སྟོང་འཕྲོ་བའི་གླུ་གར》 《དར་རྒྱས་བསྟོད་གླུ》བཅས་ཀྱི་ལེ་ཚན་བཞི་ཡོད་ཅིང་། རྣམ་པར་བཀྲ་ཞིང་ཉམས་འགྱུར་གྱིས་ཕྱུག་པའི་གླུ་ལེན་གར་འཁྲབ་དང་། བཀོད་སྒྲིག་ཞིབ་ཚགས་ཀྱི་རྒྱན་སྤྲོས་གར་སྟེགས། མཛེས་པའི་གློག་སྒྲོན་གྱི་འོད་མདངས་བཅས་ལ་བརྟེན་ནས་མངའ་རིས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ངོ་མཚར་རིག་གནས་དང་། ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས། དེང་སྐབས་མངའ་རིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགའ་འོས་པའི་གྲུབ་འབྲས་བཅས་ལེགས་པར་མངོན།

    ཞང་ཞུང་རིག་གནས་བགྲོ་གླེང་ཚོགས་འདུར་ཧྲའན་ཤིས་ནས་ཡོང་བའི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཅན་ལིན་སོགས་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་རིགས་གཅིག་མཁས་ཅན་14ཡིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བའི་ཁྲོད་ཞང་ཞུང་རིག་གནས་ཀྱིས་ཐོན་པའི་ནུས་པ་གལ་ཆེན། ཉེ་བའི་ལོ་ཤས་རིང་མངའ་རིས་ཀྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་དང་ཞིབ་འཇུག་གི་གྲུབ་འབྲས”སོགས་ཀྱི་ནང་དོན་ལ་དམིགས་ཏེ་སྤེལ་རེས་བགྲོ་གླེང་བྱས་ཤིང་། ལོ་རྒྱུས་གནའ་རྫས་རྟོག་ཞིབ་དང་། སྐད་ཡིག་རྩོམ་རིག དམངས་སྲོལ་སྒྱུ་རྩལ། གནའ་དཔེ་དང་ཚད་ལྡན་ཡིག་ཆ་སོགས་ཀྱི་ནང་དོན་དང་འབྲེལ་བས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

    རྟ་རྒྱུག་དུས་ཆེན་རིང“བཀྲ་ཤིས་པའི་སྒར། མཁའ་དབྱིངས་འཆར་ཅན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་རྫོང་བདུན་གྱི་རུ་ཁག་7དང་། རྟ་པ་193 རྟ་ཕོ་272བཅས་བྱེད་སྒོར་ཞུགས་ཡོད། ཉིན་གཉིས་རིང་། རྟ་རྩལ་ངོམ་པ་སོགས་ཀྱི་རྣམ་གྲངས་དྲུག་གི་འགྲན་བསྡུར་འཁྲུག་པོ་བྱས་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་། མང་ཚོགས། ཞིང་འབྲོག་པ་བཅས་མི་ཐེངས་ཁྲི་5.2རྟ་རྒྱུག་ཐང་དུ་འཛོམས་ནས་རྟ་རྒྱུག་ལ་ལྟ་བ་དང་། གླིང་ཁ་གཏོང་བ། མཛའ་བརྩེ་གླེང་བ་བཅས་བརྒྱུད་ནས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་མངའ་རིས་ས་མཐོར་ནམ་ཡང་བཞད་པ་དང་འབད་འབུངས་ཡར་བརྩོན་གྱི་གླུ་དབྱངས་བོད་ནུབ་ས་གཞི་ཆེན་པོར་ནམ་ཡང་གྲགས་པར་བྱས་ཡོད།

    དུས་ཆེན་རིང་འཚོགས་པའི་ཚོང་འགུགས་མ་འདྲེན་གྱི་གན་འཇོག་འདུ་ཚོགས་སྐབས་སུ་རྣམ་གྲངས་23ལ་བདེ་བླག་ངང་མིང་རྟགས་བཀོད་པ་དང་། གྲོས་མཐུན་མ་རྩ་སྒོར་དུང་ཕྱུར་128བཞག་པ་ནི་སྐབས་རིམ་བྱུང་གི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་རིང་དངོས་སུ་གན་རྒྱ་འཇོག་མང་ཤོས་དང་མ་དངུལ་བསྡོམས་འབོར་མང་ཤོས་ཡིན་པ་རེད།

    ཚོང་འདུས་དང་ཡུལ་སྐོར་དྲན་རྟེན་དངོས་ཟོག་འགྲེམས་ཚོགས་ལ་འགྲེམས་སྟེགས་72དང་འགྲེམས་ཞུགས་ཚོང་པ་144བཀོད་སྒྲིག་དང་། ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་སྣ་ཁ་200ལྷག་ཙམ་དང་རིག་གནས་གསར་གཏོད་ཐོན་རྫས་སྣ་ཁ་40ལྷག་ཙམ་བཏོན་པ་མ་ཟད། ཉིན་རེར་ཡུལ་སྐོར་བ་མི་ཐེངས་5000ཡན་ལ་སྣེ་ལེན་ཞུས་པ་དང་། དངོས་ཟོག་བཙོངས་པའི་དངུལ་འབོར་ཁྲི་811.34ཟིན་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    གཞན་ཡང་། དུས་ཆེན་རིང་། རིམ་རྩིས་བྱས་ན་མངའ་རིས་མུན་སྐར་སྤྱི་གླིང་གིས་ཡུལ་སྐོར་བ་མི་ཐེངས་1100ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། མངའ་རིས་ཀྱི་ཞིམ་ཟས་མྱོང་རོལ་བྱེད་སྒོ་སྐབས་དང་པོས་མི་ཐེངས་1700ལྷག་ཙམ་གྱི་ཡིད་དབང་བཀུག་ཅིང་། ཉིན་ལྟར་ཞིམ་ཟས་རྩེ་གྲ་སྣ་ཁ་བཅུ་ཕྲག་བཏོན་ནས“ཡུལ་སྐོར་དང་ཞིམ་ཟས་ཟུང་འབྲེལ”གྱི་ལས་རྣམ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་འགྱུར་བྱུང་ཡོད།

    བསྡོམས་རྩིས་ལ་གཞིགས་ན། ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་8.7ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་7733.09ཟིན་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་གྱིས་དྲ་རྒྱ་ཡོངས་ལ་པར་རིས་དང་བརྙན་ཐུང་སོགས་གསར་འགྱུར་རྩོམ་ཡིག་700ལྷག་ཙམ་སྤེལ་བར་ལྟ་མཁན་མི་ཐེངས་ཁྲི་2000ལས་བརྒལ་ཞིང་། བྱེད་སྒོ་སྣ་ཚོགས་ཀྱི་ཐད་གཏོང་ལ་ལྟ་མཁན་མི་ཐེངས་ཁྲི་150ལྷག་ཙམ་ཟིན་ནས“ཞང་ཞུང་གི་གནའ་བོའི་ཉམས་འགྱུར། མཁའ་དབྱིངས་ཀྱི་མངའ་རིས”ཀྱི་གྲགས་རྟགས་སྔར་བས་བཏོད་ཡོད།

    འདི་ནི། ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པའི་འགོ་འཛུགས་མཛད་སྒོར་འཁྲབ་སྟོན་བྱེད་བཞིན་པ།

    འདི་ནི། ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པའི་སྒར་འཆར་ཅན་རྟ་རྒྱུག་དུས་ཆེན་ཡིན་པ།

    འདི་ནི། ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པའི་འགོ་འཛུགས་མཛད་སྒོའི་འཁྲབ་སྟོན་བྱ་ཡུལ་ཡིན་པ།

    འདི་ནི། ལྟད་མོ་བས“ཉམས་དགའི་ཞང་ཞུང་གནའ་ཉམས། མཛེས་པའི་མཁའ་དབྱིངས་མངའ་རིས”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟ་བཞིན་པ།

    འདི་ནི། མཚོ་ཆེན་རྫོང་གི་ལས་དོན་པས་ཐད་གཏོང་ཁང་དུ་ལྟད་མོ་བར་ར་ཁུལ་སྨུག་པོའི་བཟོས་རྫས་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱེད་བཞིན་པ།

    འདི་ནི། ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པའི་འགོ་འཛུགས་མཛད་སྒོའི་འཁྲབ་སྟོན་བྱ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།