ནགས་ལས་དང་རྩྭ་ཐང་གི་ཚན་རིག་ཤེས་བྱ་ལྷ་སར་ཁྱབ་གདལ་བཏང་བ།
ཟླ་9ཚེས་5ཉིན། བོད་ལྗོངས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཚན་རིག་ཤེས་བྱ་ཁྱབ་གདལ་དང་སྐྱེ་ཁམས་ནགས་སྲུང་བར་འཚམས་འདྲི་དང་དྲིལ་བསྒྲགས་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱེད་པའི་ནགས་ལས་དང་རྩྭ་ཐང་གི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བའི་བོད་སྐྱོར་བྱེད་སྒོ་བོད་ལྗོངས་ལྷ་སར་སྤེལ་བ་རེད།
འདི་ནི་ཀྲུང་གོ་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཆིན་ཨའེ་ལི(གཡོན)དང་། ཆུ་ཤུར་རྫོང་ཤེལ་གྲོང་གྲོང་ཚོའི་ནགས་དཔོན་རྡོ་རྗེ(དཀྱིལ) ནགས་སྲུང་བ་ཤི་ལོག་ཚེ་རིང་བཅས་སྤེལ་རེས་བྱེད་བཞིན་པ།
འདི་ནི་ཀྲུང་གོ་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཆིན་ཨའེ་ལི་ཡིས་ཚོགས་ཞུགས་པར་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ཤེས་བྱ་འཆད་འཁྲིད་བྱེད་བཞིན་པ།