རང་ལྗོངས་ཀྱིས་གནམ་ལྕགས་འབར་བ་གླེང་སྟེགས་ཏེ།
བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་གཉེར་རྒྱུ་ཡིན་པ།
གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལོ་རྒྱུས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་མངོན་པར་བྱེད་པ། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་ཀྱི་ལག་ལེན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་པ་བཅས་བྱ་ཆེད། ཉེ་ཆར་རང་ལྗོངས་ཀྱིས་གནམ་ལྕགས་འབར་བ་གླེང་སྟེགས་ཏེ། བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་གཉེར་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གླེང་སྟེགས་ནི་རང་ལྗོངས་ཀྱིས་གཉེར་བའི་ཚད་གཞི་མཐོ་བའི་གླེང་སྟེགས་ཤིག་ཡིན་ཞིང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་སོགས་སྐུ་མགྲོན་100ལྷག་ཙམ་གདན་དྲངས་ཡོད། ད་རེས“མཛེས་སྡུག་ལྡན་པའི་བོད་ལྗོངས་མཉམ་དུ་སྐྲུན། བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་དུ་སྤྱོད”ཅེས་པ་དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གཙང་པོ་དང་ཆུ་བོའི་ཆུ་འགོར་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་གྲོས་བསྡུར་དང་སྤེལ་རེས་བྱ་རྒྱུ་རེད།