དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས།

    “ཁོར་ཡུག་སྲུང་སྐྱོང་དང་ཁྲུང་ཁྲུང་སྐེ་ནག་ལ་གཅེས་སྐྱོང་བྱེད་པའི”ཆེད་དོན་ཤེས་བྱའི་འཆད་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-01

    ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་དང་སུའོ་ཀྲང་གཞོན་པ་དབྱང་ལེ་ལྷུན་གྲུབ་རྫོང་དུ“ཁོར་ཡུག་སྲུང་སྐྱོང་དང་ཁྲུང་ཁྲུང་སྐེ་ནག་ལ་གཅེས་སྐྱོང་བྱེད་པའི”ཆེད་དོན་ཤེས་བྱའི་འཆད་ཁྲིད་བྱེད་པར་གདན་དྲངས་པ་རེད། ལྷུན་གྲུབ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་བྱེད་ལས་བཟོ་དང་། ཤང་དགུ་དང་གྲོང་རྡལ་གཅིག་གི་ནགས་ལས་དང་རྩྭ་ཐང་གི་འགན་འཁུར་བློ་མཐུན། ཤང་དང་གྲོང་རྡལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་བཅས་མི་50ལྷག་ཙམ་འཆད་ཁྲིད་ལ་ཞུགས་ཡོད།

    དབྱང་ལེ་ཡིས་བོད་ཀྱི་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་དང་། སྐྱེ་ཁམས་གོམས་གཤིས། སྲུང་སྐྱོང་ཡག་པོ་མི་ཐུབ་པ་སོགས་ཀྱི་ནང་དོན་ལ་དམིགས་ནས་འཆད་ཁྲིད་ཞིབ་ཕྲ་བྱས་ཤིང་། འཆད་ཁྲིད་ཀྱི་གོ་རིམ་ཁ་གསལ་བ་དང་། སྐད་ཆ་གོ་བདེ་ཞིང་ཤེས་སླ་བ། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ལྡན་ལ་མང་ཚོགས་དང་ཡང་འབྲེལ་འདྲིས་ཟབ་པ། དམིགས་སའི་རང་བཞིན་དང་ལག་ལེན་གྱི་རང་བཞིན་ཆེན་པོ་བཅས་ལྡན་ཡོད།

    ལྷུན་གྲུབ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“ཁོར་ཡུག་སྲུང་སྐྱོང་དང་ཁྲུང་ཁྲུང་སྐེ་ནག་ལ་གཅེས་སྐྱོང་བྱེད་པའི”ཆེད་དོན་ཤེས་བྱའི་འཆད་ཁྲིད་བྱས་པ་ནི་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ཐབས་ལམ་བཟང་པོ་ཞིག་ཡིན་པས། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་འདུ་ཤེས་འཇགས་ཐུབ་པ་དང་། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཡུན་རིང་དང་དུས་ཐུང་ཟུང་འབྲེལ་གྱི་སྣ་མང་རང་བཞིན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་སློབ་གསོ་བཏང་བ་བརྒྱུད་ལྷུན་གྲུབ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་འདབ་ཆགས་ལ་གཅེས་སྐྱོང་དང་སྐྱེ་ཁམས་དོ་སྙོམས་འཕེལ་རྒྱས་ལ་དོ་སྣང་བྱེད་ཐུབ་པས། མང་ཚོགས་ཀྱི་འདབ་ཆགས་ལ་དགའ་ཞེན་དང་སྲུང་སྐྱོང་གི་སྤྲོ་སེམས་འཕེལ་ཡོད་ཅེས་བརྗོད།

    འཆད་ཁྲིད་ལ་ཞུགས་མཁན་གྱིས་ད་ཐེངས་ཀྱི་འཆད་ཁྲིད་ལས་སློབ་གསོ་མང་པོ་ཐེབས་བྱུང་སྟེ། ཕྱོགས་གཅིག་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་གྱི་ཞན་ཆ་སྔར་བས་སེལ་བ་དང་ཕྱོགས་གཞན་ཞིག་ནས་ཆེད་ལས་ལག་རྩལ་པའི་ཤེས་བྱའི་རྩལ་ནུས་ཆེ་རུ་ཕྱིན་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།