དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ཀྱི་ཞིམ་ཟས་ཉམས་ལེན་གཟའ་འཁོར་ཚེས་31ཉིན་འགོ་ཚུགས་པ།

    བྲོ་ཞིམ་མིག་གི་ལོངས་སྤྱོད་འཛོམས་པའི་གསོལ་སྟོན་གཟབ་རྒྱས་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-31

    ཟླ་8ཚེས་31ཉིན་ནས་ཟླ་9ཚེས་6ཉིན་བར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་། ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དང་། ལྗོངས་ཚོང་དོན་ཐིང་། ས་ཁུལ(གྲོང་ཁྱེར)བདུན་གྱི་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)གཉེར་འགན་འཁུར་བའི“བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་ཡུལ་སྐོར་བྱེད·ས་མཐོའི་ཞིམ་ཟས་ཀྱི་བྲོ་བ་ཉམས་སུ་མྱོང”བའི་བོད་ཀྱི་ཞིམ་ཟས་ཉམས་ལེན་གཟའ་འཁོར་དོན་གྲུབ་གྲོང་གི་བོད་ཀྱི་ཞིམ་ཟས་ཁྲོམ་གཞུང་དང་། སྣེའུ་ཡི་བོད་ཀྱི་ཞིམ་ཟས་ཁྲོམ་གཞུང་། བོད་སྐོར་དཀྱིལ་འཁོར་བཅས་སུ་དུས་གཅིག་ཏུ་སྤེལ་གྱི་ཡོད་པ་རེད།

    བྱེད་སྒོ་སྤེལ་རིང་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་དང་ཡུལ་སྐོར་ཐོན་རྫས་འགྲེམས་སྟོན་བྱེད་པ་དང་། གྲོང་མི་དང་ཡུལ་སྐོར་བས་བོད་ཀྱི་ཞིམ་ཟས་ཀྱི་བྲོ་བ་མྱོང་བ་དང་ཁྱད་ལྡན་ཐོན་རྫས་ཉོ་ཐུབ་པ་མ་ཟད། ད་དུང་ངོ་མཚར་ཆེ་བའི་ལེ་ཚན་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱང་ཤེས་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།