དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • 2023ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-26

    ཉེ་ཆར། 2023ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་ལྷོ་ཁ་རྩེད་ཐང་དུ་འཚོགས་ཤིང་། འོས་སྦྱོར་ཚོགས་འདུའི་ཐོག་ཁྱོན་རྣམ་གྲངས་42ལ་གན་རྒྱ་བཞག་པར་ཚོད་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་120.45གཏོང་རྒྱུ་ཡིན་པ་རེད། དེའི་ནང་དངོས་གཞིའི་གྲོས་མཐུན་20བཞག་པར་ཚོད་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་47.66གཏོང་རྒྱུ་ཡིན་པ། སྒྲོམ་གཞིའི་གྲོས་མཐུན་22བཞག་པར་ཚོད་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་72.79གཏོང་རྒྱུ་ཡིན་པ་རེད།

    ད་ཐེངས་ཀྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུའི་ཐོག“སྒུལ་ནུས་གསར་པ་གཅིག་སྡུད་ཀྱིས་རྒྱང་ལམ་གསར་པ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་གྱི་མངོན་གསལ་དོད་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆར་བརྟེན་ནས་2023ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ལས་སྟེགས་སུ་བྱས་ཏེ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དེ་བཞིན་ལྗོངས་ཕྱི་ནང་གི་ཁེ་ལས་ཀྱི་འཐུས་མི་དང་སྐུ་མགྲོན་460ལྷག་ཙམ་འོས་སྦྱོར་ཚོགས་འདུར་གདན་ཞུ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།