དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ནགས་བཟོ་སྔོ་འགྱུར་བྱས་ནས་སྐྱེ་ཁམས་ཆེན་པོ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-21

    སྟོན་འགོར། ལྷ་སའི་ལྷོ་རི་བྱང་རི་སྔོ་ཐིང་ཐིང་དུ་གྱུར་ཞིང་། ཁྲེང་ཀོན་ཆུས་རྔ་ཆེན་རི་བོའི་ནགས་བཟོའི་ཡུག་ཁུལ་3པར་སྒྲོན་ཤིང་དང་། ག་བུར་ཤིང་། ཧོ་པེའི་སྦྱར་ལྕང་བཅས་མྱུ་གུ་འབུས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

    “ན་ནིང་ནགས་བཟོའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་སྡོང་ཕྲུག་གསོན་ཚད་སྔོན་དཔག་ལས་བརྒལ་ཡོད”ཅེས་ཅུན་ཕུའུ་སྐྱེ་ཁམས་སླར་གསོ་ཚན་རྩལ་ཚད་ཡོད་ཀུང་སིའི་ནགས་བཟོའི་རྣམ་གྲངས་འགན་གཙང་ལེན་མཁན་ཅིང་ལི་ཀྲང་ཞའོ་ཧྥུང་གིས་བཤད།

    ནགས་བཟོའི་རྣམ་གྲངས་ཚོགས་ཆུང་གི་རྗེས་སུ་འབྲངས་ནས་རིར་འཛེག་སྐབས་ས་བབ་མཐོ་རུ་ཕྱིན་པ་དང་ཆབས་ཅིག་གསར་འགོད་པ་དབུགས་ཀྱང་ཧ་ཅང་གཏོང་ཁག་པོར་གྱུར་བྱུང་། འོན་ཀྱང་དེ་གར་སྡོང་ཕྲུག་སྐྱེ་འཚར་ས་ཆ་གཞན་ལས་མངོན་གསལ་དོད་པོས་ཡག་པ་འདུག དེའི་རྒྱུ་མཚན་གང་ཡིན་ནམ།

    “ཆུ་བསགས་སྡེར་འདེགས་ཀྱི་ནུས་པ་ཐོན་པས་རེད” ཅེས་ལག་རྩལ་འགན་འཁུར་བ་ཆི་ཕེང་ཧྥེས་དེའི་སྐོར་བཤད།

    གསར་འགོད་པས་ལྟ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད་སྡོང་ཕྲུག་ཚང་མའི་རྩ་བར་དངུལ་མདོག་གི་འགྱིག་ཤོག་དཀྲིས་ཡོད་པ་ཤེས་རྟོགས་བྱུང་།

    ཆུ་བསགས་སྡེར་འདེགས་དེ་ནི“མཐོ་གྲང་ཐན་སྐྱོན་གྱི་ཐང་རྒོད་ཁུལ་དུ་ཆུ་གྲོན་ཆུང་བྱས་ནས་ཤིང་འཛུགས་ལ་འདྲེན་པའི་བཀོལ་སྤྱོད་ལག་རྩལ”གྱི་ཚན་རྩལ་གྲུབ་འབྲས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་པའི་གྲས་ཤིག་ཡིན་ཞིང་། དེ་ནི་ཅུན་ཕུའུ་སྐྱེ་ཁམས་སླར་གསོ་ཚན་རྩལ་ཚད་ཡོད་ཀུང་སིས་རང་བརྟེན་ཞིབ་བཟོ་བྱས་པ་ཞིག་རེད། ན་ནིང་ཟླ་3པ་དང་4པར། ཀུང་སིས་རི་རྐེད་དུ་ཚོད་ལྟ་བྱ་ཡུལ་ཞིག་བསྐྲུན་ནས་ཚད་གཞི་འདྲ་བའི་སྒྲོན་ཤིང་གི་སྡོང་ཕྲུག་ལྔ་བདམས་པའི་ནང་གཉིས་ལ་ཆུ་བསགས་སྡེར་འདེགས་བསྒར་བ་དང་གཉིས་ལ་འགྱིག་ཤོག་དཀྲིས་པ་དང་། གཅིག་ཤོས་དེར་སྒྲིག་སྦྱོར་གང་ཡང་བྱས་མེད་པ་རེད། “འདེབས་འཛུགས་བྱས་རྗེས་ཆུ་ཐེངས་གཅིག་ལས་བཏང་མེད་པ་དང་ས་རྒྱུའི་བཞའ་ཚན་ལྟ་ཞིབ་ཚད་ལེན་ས་ཚིགས་བརྒྱུད་སྡོང་ཕྲུག་གི་རྩ་བའི་ས་རྒྱུའི་བཞའ་ཚན་དང་དྲོད་ཚད་སོགས་ཀྱི་དམིགས་ཚད་དུས་ཐོག་ཏུ་ཟིན་ཐོར་བཀོད་པས་སྐབས་བསྟུན་གྱི་གྲངས་གཞི་ཆགས་ཡོད”ལོ་གཅིག་དང་ལོ་ཕྱེད་ཙམ་སོང་རྗེས། གསར་འགོད་པས་ས་གནས་ས་ཐོག་ཏུ་སྒྲིག་སྦྱོར་གང་ཡང་བྱས་མེད་པའི་སྡོང་ཕྲུག་རྣམས་སེར་པོར་གྱུར་ནས་ལག་པ་ཐུག་ཙམ་བྱས་ན་ཆག་འགྲོ་བ་དང་། འགྱིག་ཤོག་དཀྲིས་པའི་སྡོང་ཕྲུག་གཉིས་ནས་སྡོང་ཕྲུག་གཅིག་ལས་གསོན་མེད་པ་དང་། དེ་ཡང་ཡག་པོ་དེ་ཙམ་སྐྱེས་མེད་པ་རེད། འོན་ཀྱང་ཆུ་བསགས་སྡེར་འདེགས་བསྒར་པའི་སྒྲོན་ཤིང་གི་སྡོང་ཕྲུག་གཉིས་སྐྱེ་འཚར་ཡག་པོ་ཡོད་པ་མཐོང་།

    ཤིང་འཛུགས་ནགས་གསོར་ཆུ་དང་། ལུད། བཤེར་ཚད། ཚ་དྲོད་བཅས་སྙོམས་སྒྲིག་འོས་འཚམ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། “ལྷ་སར་རླངས་འགྱུར་ཕོན་ཆེ་བས་སྡོང་ཕྲུག་གསོན་པའི་འགག་རྩ་ཆུ་ལ་ཐུག་ཡོད། འོན་ཀྱང་ཆུ་དཀོན་པའི་གནས་ཚུལ་འོག་ཆུ་གྲོན་ཆུང་བྱ་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད”ཅེས་ཡུག་ཁུལ་གྱི་ལྟ་སྐུལ་དོ་དམ་པ་གོང་དཀར་ཚེ་རིང་གིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས་2022ལོར་ནགས་བཟོའི་ཡུག་ཁུལ་དུ་ཆུ་བསགས་སྡེར་འདེགས་སྤྱད་རྗེས་གསོན་ཚད་85%ཡན་ཟིན་གྱི་ཡོད་ཅེས་བརྗོད།

    “རྒྱུན་སྤྱོད་ཀྱི་འགྱིག་ཁེབས་དང་བསྡུར་ན་ཆུ་བསགས་སྡེར་འདེགས་ལ་ཆུ་སྲུང་དང་དྲོད་སྲུང་གི་ནུས་པ་ལྡན་པ་མ་ཟད། ད་དུང་དྲོད་ཚད་སྙོམས་སྒྲིག་བྱས་པ་བརྒྱུད། དེའི་འོད་སྦྱོར་ནུས་པ་ཆེ་རུ་བཏང་ནས་སྐྱེ་འཚར་གྱི་ཕན་འབྲས་ཆེ་རུ་གཏོང་ཐུབ”ཅེས་ཆི་ཕེང་ཧྥེ་ཡིས་བརྗོད།

    གནས་ཚུལ་ངོ་སྤྲོད་བྱས་པར་གཞིགས་ནས་གསར་འགོད་པས་ཚོད་རྩིས་ཤིག་བརྒྱབ་པ་སྟེ། གཏན་འབེབས་ལྟར་ལྗོན་ཤིང་བཏབ་པའི་ལོ་དང་པོར་སྡོང་རྐང་རེར་ཆུ་ཐེངས་12རྒྱག་དགོས་པ་དང་ཐེངས་རེར་ཆུ་ཧའོ་ཧྲེང་60རྒྱག་དགོས་པ། ཆ་སྙོམས་མུའུ་རེར་སྡོང་ཕྲུག110འཛུགས་དགོས་པ་དང་ལོ་རེར་ཆུ་ཏུན་80ཙམ་རྒྱག་དགོས་པ། ཆུ་བསགས་སྡེར་འདེགས་སྒྲིག་སྦྱོར་བྱས་རྗེས། མང་ཤོས་ལ་ཆུ་ཐེངས་གསུམ་ནས་བཞི་བར་བརྒྱབ་ན་ཆུ་སྲུང་ཚད་60%ཡན་ཟིན་གྱི་ཡོད།

    འགྱིག་ཤོག་སྡེར་འདེགས་ཆུང་ཆུང་ཞིག་གི་ལྗིད་ཚད་ལ་ཁེ་200ཡང་ཟིན་གྱི་མེད་མོད། འོན་ཀྱང་དེས་ནགས་བཟོའི་སྐྱེ་ཁམས་ཆེན་པོར་ཕན་འདོགས་ཐུབ་ཀྱི་ཡོད། བྱས་ན་གང་འདྲ་བྱས་ནས་ཁྱབ་གདལ་གཏོང་དགོས་སམ།

    མིག་སྔར་2023ལོར་ནགས་བཟོའི་ཡུག་ཁུལ་གྱི་སྡོང་ཕྲུག་ཚང་མ་བཏབ་ཟིན་པ་དང་། ཆུ་གསབ་པ་དང་དྲོད་ཚད་ཅུང་མཐོ་པོ་དགོས་པ་དེ་ནི་ཆུ་བསགས་སྡེར་འདེགས་སྤྱོད་པའི་དུས་སྐབས་ཡག་ཤོས་རེད། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་དམིགས་ཏེ་འགན་གཙང་ཚན་པ་མི་ཉུང་བ་ཞིག་ནགས་བཟོའི་ཡུག་ཁུལ་དུ“ཉམས་མྱོང་སློབ་སྦྱོང་བྱེད་པར”ཡོང་སྟེ་སྒྲིག་ཆས་བསྒར་ནས་གངས་ལྗོངས་ས་མཐོར་སྔོ་འགྱུར་རྒྱུན་མི་ཆད་པར་སྣུར་སྲིང་ཐུབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།