དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-21

    ཚེས་19ཉིན་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་མཁན་གདོང་དམག་བརྩོན་ལེན·ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་། མཁས་དབང་། སྐུ་མགྲོན་བཅས་ཀྱིས་བགྲོ་གླེང་གི་བརྗོད་དོན་གཙོ་བོར་དམིགས་ཏེ་ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དེ་བཞིན་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་གྱི་འཕེལ་རྒྱས་ལ་ཐབས་དང་ཇུས་བཏོན་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་ལྷག་པར་དུ་ལྷ་ས་གྲོང་ཁྱེར་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་པ་རེད།

    ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་དམིགས་ཡུལ་ནི་ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་འབྲི་གུང་ནས་ཡར་ཀླུང་གཙང་པོའི་ཆུ་འདུས་ས་བར་གྱི་རང་བྱུང་ཐོན་ཁུངས་ལུགས་མཐུན་གསར་སྤེལ་དང་སྲུང་སྐྱོང་ནུས་ལྡན་བྱེད་པར་སྤྱི་འདོམས་ཡག་པོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས། ཐོན་ལས་སྐྱེད་སྲིང་བཅས་དམིགས་སར་འཛིན་པ། སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་ལ་སྐུལ་འདེད་གཏོང་བ། “ལེ་དབར་བརྒྱའི་བར་ཁྱམས་གསུམ”(ལེ་དབར་བརྒྱའི་སྐྱེ་ཁམས་ལྗང་མདོག་བར་ཁྱམས་དང་། ལེ་དབར་བརྒྱའི་གསོན་ཤུགས་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁྱམས། ལེ་དབར་དུང་ཕྱུར་གྱི་ཐོན་ལས་བར་ཁྱམས)བཅས་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་ལ་དམིགས་ཏེ། སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཙང་པོ་རྒྱུག་ཁུལ་ཧྲིལ་པོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་དེ་རེད།

    བགྲོ་གླེང་ནང་ཚན་རིག་མཁས་ཅན་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་14ཡིས་བརྗོད་དོན་གཙོ་བོར་དམིགས་ཏེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སྤྱི་འདོམས་སུ་བྱས་ནས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་དང་། ལོ་རྒྱུས་དང་དོན་དངོས། སྤྱི་ཡོངས་དང་ཆ་ཤས་བཅས་འབྲེལ་མཐུད་བྱས་པ་བརྒྱུད། ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་དང་། “ལེ་དབར་བརྒྱའི་བར་ཁྱམས་གསུམ”འཛུགས་སྐྲུན། ལྷ་ས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་གནད་དོན་གལ་ཆེན་རབ་དང་རིམ་པར་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།