ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས།
བྱ་ཐབས་སྣ་ཚོགས་སྤྱད་དེ་འདམ་ར་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཉེ་ཆར་གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“འཛམ་གླིང་གི་འདམ་རའི་ཉིན་མོ”སོགས་དུས་ཚིགས་སྤྱད་དེ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་དང་འདམ་ར་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་ཐེངས་གསུམ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། དྲིལ་བསྒྲགས་དངོས་པོ་སྤྲོད་པ། ས་གནས་ས་ཐོག་གི་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདམ་ར་སྲུང་སྐྱོང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོང་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་འདམ་ར་སྲུང་སྐྱོང་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བཅས་ཀྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་དྲིལ་བསྒྲགས་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོའི་ནང་དྲིལ་བསྒྲགས་ཤོག་ལྷེ་2800ལྷག་ཙམ་དང་། དྲིལ་བསྒྲགས་དངོས་པོ་1700ལྷག་ཙམ། འཕྲེད་འགེལ་སྦྱར་ཡིག་13བཅས་སྤྲད་པ་དང་། སློབ་གསོ་དང་ལེན་བྱེད་མཁན་མང་ཚོགས་མི་ཐེངས་3900ལྷག་ཙམ་ཟིན་ཡོད་པ་རེད།