དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • མཚོ་མོ་འཇམ་ཐིང་ཐིང་། སྐར་མ་ཁྲ་ཆེམ་ཆེམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    འདི་ནི་ཧང་མཚོ་འདམ་རའི་མཚན་མོའི་སྐར་ཚོགས་མཛེས་ལྗོངས་ཁུལ་གྱི་ཟུར་ཞིག་ཡིན་པ།

    ནག་ཆུ་གྲོང་ཁུལ་ནས་ཐོན་ཏེ་མཚོ་བོད་གཞུང་ལམ་བརྒྱུད་ལྷོ་ཕྱོགས་སུ་སྐྱོད་སྐབས། ལམ་བར་དུ་དགུང་སྔོན་སྤྲིན་དཀར་གྱིས་བརྒྱན་ལ། རླུང་བུ་བསིལ་བསིལ་དུ་ལྡང་ཞིང་། གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་ནས་ལྷོ་ངོས་སུ་སྤྱི་ལེ་10ལྷག་ཙམ་སྐྱོད་སྐབས་རྩྭ་ཐང་ལ་ཕྲ་རྒྱན་བཏབ་པ་ལྟ་བུའི་མཚོ་ཞིག་མིག་ལམ་དུ་འཆར། མཚོ་མོ་དང་། སྤྲིན་དཀར། གཤོག་རྩལ་ངོམས་བཞིན་པའི་འདབ་ཆགས་བཅས་མཚོ་མོའི་རྒྱན་དུ་གྱུར།

    “ཀྲུང་ཧྭའི་མཚན་མོའི་སྐར་ཚོགས་སྲུང་སྐྱོང་ཁུལ·ནག་ཆུ”ནག་ཆུའི་མཚན་མོའི་སྐར་ཚོགས་སྤྱི་གླིང(ཧང་མཚོ)ལ་བརྟེན་ནས་2016ལོའི་ཟླ་6པར་བཙུགས་ཤིང་། གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་གྱི་ལྷོ་ཕྱོགས་ཀྱི་སྤྱི་ལེ་13གྱི་སར་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ཡོད་པ་མ་ཟད། ཧང་མཚོ་འདབ་ཆགས་གླིང་ལྟེ་བར་བྱས་ཡོད། 2018ལོའི་ཟླ་3པའི་ཟླ་འགོར། བོད་ལྗོངས་ནག་ཆུའི“མཚན་མོའི་སྐར་ཚོགས་སྲུང་སྐྱོང་ཁུལ”དེ་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་མཚན་མོའི་བློ་འདྲི་ཨུ་ལྷན་གྱིས“འཛམ་གླིང་མཚན་མོའི་སྲུང་སྐྱོང་ཁུལ་གྱི་མིང་གཞུང”ནང་དངོས་སུ་བཅུག་ནས། རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཁས་ལེན་ཐོབ་པའི་རང་རྒྱལ་གྱི་མཚན་མོའི་སྲུང་སྐྱོང་ཁུལ་ཁག་དང་པོའི་གྲས་སུ་གྱུར།

    མཚོ་བོད་གཞུང་ལམ་ནས་ཐོན་ཏེ་བྱང་ཕྱོགས་སུ་སྤྱི་ལེ་1.6གི་སར་སླེབས་སྐབས་ཤེལ་སྒོའི་ཁང་པ་དང་། སྐར་ཚོགས་ལྟ་ཁང་། གནམ་དཔྱད་ཁང་། བཟའ་བཏུང་ཁུལ་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་དང་མཛེས་ལྗོངས་མིག་ལམ་དུ་འཆར།

    གསེར་རྙེད་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས་པར། མིག་སྔར་མཛེས་ལྗོངས་ཁུལ་གྱིས་སྐར་ཚོགས་ལ་ལྟ་བའི་གནས་ཡག་པོ་དང་། རང་བྱུང་མཛེས་ལྗོངས་ཧང་མཚོ། བྱང་རྩྭ་ཐང་གི་སྐྱས་སྤོའི་འཚོ་བའི་རིག་གནས། གླིང་སྒྲུང་གི་སྒྱུ་རྩལ་བཅས་ནང་དོན་ཆེན་པོ་བཞི་ལ་གཞིགས་ནས“མཚན་མོ་སྐར་ཚོགས་ལ་ལྟ་བ”དང་། “ཧང་མཚོ་འདམ་རའི་སྤྱི་གླིང” “སྐྱས་སྤོས་རིག་གནས་མྱོང་རོལ” “གླིང་གེ་སར་གྱི་རིག་གནས”བཅས་བརྗོད་དོན་གཙོ་བོའི་གཞི་རྒྱུ་ཆེན་པོ་བཞི་བཏོད་ཡོད། དེ་གར་ཡུལ་སྐོར་བས་སྐར་ཚོགས་ཁང་ནས་མུ་མཐའ་མེད་པའི་སྐར་ཚོགས་ལ་ལྟ་ཆོག་པ་དང་། འབྲོག་ཁུལ་གྱི་འཚོ་བ་དང་། ཕྱུགས་འཚོ། རྟ་བཞོན་པ། འོ་མ་བཞོ་བ། རྩམ་པ་འཐག་པ་བཅས་མྱོང་རོལ་བྱེད་ཐུབ།

    ལྗོངས་གཟིགས་སྒང་ནས་མར་ལྟ་སྐབས“ཧང་མཚོའི་རྡོ་རིང”གསལ་པོར་མཐོང་ལ། རྒྱང་ལྟ་བྱེད་སྐབས་མཚོ་བོད་ལྕགས་ལམ་འདམ་རའི་རྒྱུད་ནས་བསྐྱོད་པ་དང་འགྲམ་གྱི་ཧང་མཚོ་དྭངས་ཤིང་གཙང་བའི་ཁར་ཕྱོགས་བཞི་སྔོ་ལྗང་གིས་བརྒྱན་ལ་མེ་ཏོག་ཀྱང་ཁྲ་ཆིལ་ཆིལ་དུ་བཞད་ནས་མཆིས། རྒྱང་ཤེལ་ནས་ལྟ་སྐབས། མཚོ་ཁུལ་དུ་འཚོ་བའི་རྩ་ཆེའི་འདབ་ཆགས་རིགས་དང་། རླངས་པ་འཕྱུར་བཞིན་པའི་འདམ་རའི་ཆུ་ཚན། བག་ཕེབས་ངང་རྩྭ་བཟའ་བཞིན་པའི་ནོར་ལུག་སོགས་གསལ་པོ་མཐོང་རྒྱུ་ཡོད།

    སྐལ་བཟང་ཆོས་སྒྲོན་གྱིས་མིག་སྔར་ཧང་མཚོར་མཐོང་དཀོན་པའི་འདབ་ཆགས་རིགས་29ཡན་འཚོ་སྡོད་བྱེད་ཀྱི་ཡོད། མཚོའི་ཤར་ངོས་ཀྱི་རྫ་ཏི་ཆུ་ཚན་དུ་གཏེར་རྒྱུ་རིགས་15འདུས་ཡོད་པ་དང་། དྲོད་ཚད་50℃ཙམ་ཟིན་གྱི་ཡོད་པས་དུས་བཞིར་འཁྱག་པ་ཐེབས་ཀྱི་མེད། 2020ལོའི་ཟླ་12པར། ཧང་མཚོ་འདམ་ར་རྒྱལ་ཁབ་ནགས་ལས་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་དུ་གཏན་འཁེལ་བྱས་ཡོད་ཅེས་བཤད།

    སྲུང་སྐྱོང་དང་། འཛུགས་སྐྲུན། གསར་གཏོད་བཅས་ཞིབ་ཚགས་བྱས་པ་བརྒྱུད། ཉེ་དུས་གསེར་རྙེད་ཆུས་ཀྱི་མཚན་མོའི་སྐར་ཚོགས་ལྟ་བའི་ཡུལ་སྐོར་དངོས་སུ་འགོ་ཚུགས་ཤིང་། མཚན་མོའི་སྐར་ཚོགས་དང་འདམ་རའི་སྤྱི་གླིང་གཅིག་ལ་གཅིག་བརྒྱན་དུ་སྣང་ལ། ཉིན་མཚན་དབྱེར་མེད་དུ་མཛེས་ལྗོངས་མྱོང་རོལ་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།