དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཉིང་ཁྲིའི་སྐྱེ་ཁམས་ཁོར་ཡུག

  • ཡོང་ཁུངས།  དཔལ་འབྱོར་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-02

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀོང་པོ་སྤྱི་གླིང་གི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་པས། གྲོང་མི་མི་ཉུང་བ་ཞིག་དེ་གར་ལྟ་སྐོར་དང་། ལུས་སྦྱོང་། རོལ་རྩེད་བཅས་ལ་ཡོང་གི་ཡོད།

    ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གསུམ་འཛོམས་གྲོང་རྡལ་ལ་ཆུ་གྲོང་ཚོའི་ཡུལ་ལྗོངས་རི་མོ་ལྟར་མཛེས་ཤིང་། ཉེ་བའི་ལོ་ཤས་རིང་། རྫོང་དེས་ཐོན་ཁུངས་དང་གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་བོད་ཀྱི་ལུས་གསོ་དང་ལྗང་མདོག་ཡུལ་སྐོར་བྱེད་ས་ཤིག་ཧུར་ཐག་བཏོད་ཡོད།

    ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་ཀ་ལ་གྲོང་ཚོར་རབ་ཏུ་བཞད་པའི་མེ་ཏོག་ཀུ་མུད་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཅིང་། ཉེ་བའི་ལོ་ཤས་རིང་། རྫོང་དེས་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་སོགས་ཀྱི་འདུ་འགོད་ལ་བརྟེན་ནས་སྐྱེ་ཁམས་སྲུང་བཅད་བརྟན་དུ་བཏང་ཡོད།

    ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཆུ་མདོ་ཁམ་བུའི་མེ་ཏོག་ལུང་གཞུང་གི་ཕྱོགས་གང་སར་ཁམ་བུའི་མེ་ཏོག་རབ་ཏུ་བཞད། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་དང་། རིན་ཐང་ཆེ་ཤོས། འགན་འཁྲི་ཆེ་ཤོས་བཅས་སུ་བརྩིས་ནས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་མཚོ་མགོ་གྲོང་ཚོའི་བཀོད་པ་མཛེས་ཤིང་། ཁོར་ཡུག་གཙང་ལ་བོད་བཟོའི་སྡོད་ཁང་གསར་པ་སྟར་པ་མང་པོ་འགྲིག་ནས་ཡོད་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།