དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷོ་ཁས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་བཏང་བར་ཕན་འབྲས་དངོས་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-02

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ཆེད་དོན་བཅོས་སྒྲིག་གི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གདེང་འཇོག་བྱེད་པའི་ལས་དོན་སྤེལ་ནས། ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ། དག་ཐེར་དོན་འཁྱོལ་དང་ཚང་བཤེར་ཆད་གསབ་ནན་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལ་བཅོས་སྒྲིག་བྱེད་པའི་ལས་དོན་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་དང་རྫོང་དང་ཆུས་ཁག་གིས་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་ལ་གཡོལ་ཐབས་མི་བྱེད་པ་དང་ལྷོད་གཡེང་མི་གཏོང་བར་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་བ་རེད། འགན་འཁུར་བ་གཙོ་བོས་བཀོད་སྒྲིག་དང་སྒྲུབ་པར་ལྟ་སྐུལ་བྱས་ནས། སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་བཀོད་སྒྲིག་བྱེད་པའི་ས་གནས་ས་ཐོག་གི་ཚོགས་འདུ་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ཚོགས་འདུ་འཚོགས་ཏེ། སྣེ་གདོང་ཆུས་ཀྱི“མཛེས་སྡུག་ལྡན་པའི་གྲོང་གསེབ་ཆེན་པོ་བཅུའི”བྱ་སྤྱོད་ལག་བསྟར་ཇུས་གཞིའི་བཟོ་བཅོས་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོར་བསྐྱོད་ནས“དུས་རབས་གསར་པའི་སྡོད་མལ་ཁྱིམ་གཞིས”དཔེ་མཚོན་ཁུལ་གྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་དང་། དེ་བཞིན་ལོ་སྟོད་ཀྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་དཔྱད་ཞིབ་བྱས་པའི་ཚུར་ལན་གནད་དོན་དག་ཐེར་བྱེད་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་པ་རེད།

    མཚོ་སྣ་གྲོང་ཁྱེར་གྱིས“རྫོང་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་ཡུག་གཅིག་བཅོས་སྒྲིག་བྱེད་པའི”ལས་ཀའི་བསམ་ཕྱོགས་གཞིར་བཟུང་། མིག་སྔའི་བར་ཤང་དང་གྲོང་རྡལ་3གྱི“ལེབ་བཤེར་རྣམ་པའི”བཅོས་སྒྲིག་གི་ལས་དོན་ལེགས་སྒྲུབ་བྱས་པ་དང་། ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གྱིས“དགུ+”ཀྱི་ལས་དོན་སྤེལ་ཏེ་སྡོད་མལ་ཁོར་ཡུག་གི་རྣམ་པ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་བ། འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་གྱིས《ཞོལ་པ་གྲོང་གསར་དུ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི“བྱ་སྤྱོད་བདུན”ཚོད་ལྟའི་ངང་སྤེལ་རྒྱུའི་སྐོར་གྱི་ཇུས་གཞིར》ཆེད་དོན་ཞིབ་འཇུག་བྱས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།