དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཡར་ཀླུང་ས་གཞི་ཆེ་མོའི་རྣམ་པ་གསར་པ།

    ​—— འདི་ལོའི་ལོ་སྟོད་ཀྱི་ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-02

    འདི་ནི་དབྱར་དུས་སུ་གྲོང་མི་ཚོ་སྤྲོ་འཆམ་བསྐྱོད་སའི་གནས་མཆོག་སྟེ་གྲོང་ཁྱེར་གྱི“གློ་བ”ལྟ་བུའི་ཡར་ཀླུང་མི་དམངས་སྤྱི་གླིང་ཡིན་པ།

    “མིག་འབྲས་ལ་སྲུང་སྐྱོང་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས” འདི་ལོའི་ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དམིཌ་ཚད་ལ་དམ་པོར་དམིགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས། གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་ཁོར་ཡུག་གི་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་98.8%ཟིན་པ་དང་། གཙང་པོ་དང་། མཚེའུ། ཆུ་བོ་བཅས་གཙོ་བོའི་ཆུ་སྤུས་Ⅲརིགས་ཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལོན་ཚད་100%ཟིན་པ། ས་རྒྱུའི་ཁོར་ཡུག་རྒྱུན་མཐུད་བདེ་འཇགས་དང་བརྟན་པོ་བྱུང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་རྒྱུན་མཐུད་བརྟན་ཐོག་ཡག་འཕེལ་བྱུང་ཡོད་པ་རེད།

    རྒྱུན་སྲིང་ལྷོད་མེད་ཀྱིས་ལྗང་མདོག་འཕེལ་རྒྱས་བཏང་བ།

    འདི་ལོའི་ལོ་སྟོད་དུ་མཚོ་སྣ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང(ཆུས)འཛུགས་གཏོད་བྱས་པ་དང་། ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་སོགས་ཤང་དང་གྲོང་རྡལ(ཁྲོམ་གཞུང)31གིས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཤང་དང་གྲོང་རྡལ(ཁྲོམ་གཞུང)འཛུགས་གཏོད་བྱས་པ། ལྷོ་བྲག་རྫོང་སེང་གེ་ཤང་སྨུ་གྲོང་ཚོ་སོགས་ཤང་དང་གྲོང་རྡལ་157གྱིས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཚོ(གྲོང་ལྷན)འཛུགས་གཏོད་བྱས་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལས་ལྷོ་ཁ་གྲོང་ཁྱེར་འདི་ཉིད་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བརྟན་པོའི་ངང་བསྐྱོད་ཡོད།

    དེ་དང་དུས་མཚུངས། ལྷོ་ཁ་གྲོང་ཁྱེར་གྱིས“ལྗང་ཕུབ་2022”ལྟ་སྐུལ་དང་། གཙང་པོ་དང་ཆུ་འགོ་ཁུལ་དབྱེ་མཚམས་འབྱེད་པ། སྐྱེ་ཁམས་ལས་གནས་ཀྱི་ལྟ་འདོམས་བཅས་ཀྱི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཡོད། གོང་དཀར་རྫོང་དང་སྣ་དཀར་རྩེ་རྫོང་སྒྲིག་འཛུགས་བྱས་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིར་བཏང་རང་བཞིན་གྱི་གནད་དོན་ལྷག་པའི་ཁུངས་སྣེའི་གསལ་ཐོ་45ལ་ཞིབ་བསྡུར་དང་། ཐག་གཅོད། གནོད་འཚེའི་ཁ་གསབ་སྤྲད་པ་དང་དག་ཐེར་བྱས་རིགས་ཐོ་བསུབ་ཡོད། མཚོ་སྨད་རྫོང་དང་སྣ་དཀར་རྩེ་རྫོང་སོགས་སུ་སྔོ་ཁེབས་ཁྱབ་ཚད་དང་སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་པར་བསྐྱོད་པ། ཁོངས་གཏོགས་ཁུལ་གྱི་སྐྱེ་ཁམས་ལས་གནས་མི་སྣར་གྲལ་བཤེར་བྱས་པར་ཚད་གཞི་དང་མི་མཐུན་པའི་མི་སྣ་དུས་ཐོག་ཏུ་ཕྱིར་བསློགས་ནས་མིག་སྔའི་གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ལས་གནས་29218ཡི་ལས་གནས་དང་མི་སྣའི་འགན་འཁྲི་མཚམས་མཐུན་ཡོང་བར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྟ་སྐུལ་གྱི་ནུས་པ་གང་ལེགས་བཏོན་པ་རེད།

    སྦགས་བཙོག་འགོག་བཅོས་ནུས་ལྡན་བྱས་པ།

    ཀྲུང་དབྱང་གི་རེས་སྐོར་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ལྷོ་ཁ་གྲོང་ཁྱེར་ལ་ཡིག་འབུལ་ཞུ་བཅར་ཁག་44ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པའི་ནང་གྱོད་གཞི་ཁག་40ཐག་བཅད་པ། དུས་མཚམས་རང་བཞིན་གྱི་གྱོད་གཞི་ཁག་4ཐག་བཅད་ནས་གྱོད་གཞི་ཐག་གཅོད་བྱེད་ཚད་92%ཟིན་པ་དང་། འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་ཚད་ལྡན་ཅན་དུ་སྐྲུན་པར་གྲལ་བཤེར་དང་བཅོས་སྒྲིག་བྱེད་པར་ཤུགས་སྣོན་བརྒྱབ་པ། 2022ལོའི་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་གི་ཕན་འབྲས་ཚོད་སྐོར་ལས་དོན་སྤེལ་ནས་སྲིད་འཛིན་གྲོང་ཚོ་21དང་། རྒྱུན་གཏན་ལྟར་འཁོར་རྒྱུག་བྱས་མེད་པའི་བཙོག་ཆུ་གཙང་འབུད་སྒྲིག་བཀོད་7དང་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་བཅས་ཀྱི་ཕན་འབྲས་ལ་ཚོད་སྐོར་བྱས་པ་རེད།

    ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་དེ་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཡོང་བར་འགན་ལེན་བྱེད་པའི་འགག་རྩའི་བྱ་ཐབས་ཤིག་ཏུ་བརྩིས་ནས་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བ་དང་ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་མཐའ་འཁྱོངས་ཀྱིས་ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་ཤིང་གཙང་བ། ས་གཞི་རྡུལ་དག་བཅས་ཡོང་བའི་སྲུང་སྐྱོང་དམག་འཐབ་ཀྱི་ཕན་འབྲས་མུ་མཐུད་བརྟན་དུ་བཏང་ཡོད་པ་རེད།

    “སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་ལྕག་སྐུལ་བྱ་ཐབས་བཟོས་ནས་ལག་བསྟར་བྱས་པ་བརྒྱུད། འགྱིག་ཤོག་གི་སྦགས་བཙོག་བཅོས་སྐྱོང་དང་ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས། སློབ་གྲྭ་དང་། སྡེ་ཁུལ། ཁེ་ལས་བཅས་སུ་སྦགས་བཙོག་འགོག་བཅོས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བས། ད་ཆ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ནས་ཁོར་ཡུག་ལ་གཅེས་སྤྲས་བྱ་རྒྱུ་དེ་ལྷོ་ཁ་མང་ཚོགས་ཀྱི་རང་འགུལ་བྱ་སྤྱོད་ཅིག་ཏུ་གྱུར་ཡོད་པ་རེད།

    ཁོར་ཡུག་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་པ།

    ལྟ་འདོམས་དང་ཞབས་ཞུ་ནི་སྐྱེ་ཁམས་ཁོར་ཡུག་ལས་དོན་གྱི་འདེགས་སྐྱོར་གཉིས་ཡིན་པས། ཁོར་ཡུག་ཁྲིམས་སྒྱུར་ལ་ཤུགས་སྣོན་བརྒྱབ་པ་དང་། ཁོར་ཡུག་ཆོག་འཐུས་ཞབས་ཞུ་ལེགས་སུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་དེང་རབས་ཅན་གྱི་བཅོས་སྐྱོང་བྱེད་ནུས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ཧུའུ་ནན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་བོད་སྐྱོར་འོག་ལྷོ་ཁ་གྲོང་ཁྱེར་གྱི“སྐྱེ་ཁམས་ཁོར་ཡུག+གློག་ཤུགས་གྲངས་གཞི་ཆེ་མོའི”རིག་ནུས་ལྟ་འདོམས་ལས་སྟེགས་དངོས་སུ་ཞིབ་བཤེར་རྩིས་ལེན་བྱས་ནས། ལྷོ་ཁ་འདི་ཉིད་ལྗོངས་ཡོངས་ཀྱི་གློག་ཤུགས་གྲངས་གཞི་ཆེ་མོའི་ལས་སྟེགས་བསྐྲུན་པའི་ས་ཁུལ་དང་གྲོང་ཁྱེར་ཐོག་མར་གྱུར་པ་དང་། དེས་སྐྱེ་ཁམས་ཁོར་ཡུག་གི་ལྟ་འདོམས་དང་ཁྲིམས་སྒྱུར་གྱི་ཕན་ནུས་སྔར་བས་ཆེ་རུ་བཏང་ནས་གནད་སྨིན་ལྟ་འདོམས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་ཤིང་ཡུན་ཅང་གིས“མིག་སྔར་ལས་སྟེགས་དེའི་ནང་གྲོང་ཁྱེར་ཡོངས་ཀྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་སྨན་ཁང་སོགས་ཁེ་ལས་དང་བྱ་གཞག་གི་བཙོག་འབུད་ཚན་པ་32ཞུགས་ནས་ཁྱོན་ལྟ་ཞིབ་ཚད་ལེན་ས་ཚིགས་109ཟིན་ཏེ་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)12ཚང་མར་ཁྱབ་ཡོད། མ་ལག་དེ་བརྒྱུད་ང་ཚོས་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་འཁོར་སྐྱོད་ཀྱི་གནས་ཚུལ་ལ་ཉིན་མཚན་དབྱེར་མེད་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་ཚོད་འཛིན་བྱས་ནས་ཁོར་ཡུག་ཁྲིམས་སྒྱུར་ལ་གཞི་འཛིན་ས་ཡོད་པ་དང་ཕན་ནུས་ཐོན་པའི་འགན་ལེན་བྱས་ཡོད”ཅེས་བཤད། ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་འདོམས་བྱེད་པའི“འབྱུང་རྩ་ནས་ནན་འགོག་དང་། བརྒྱུད་རིམ་ལ་དོ་དམ་ནན་པོ། མཇུག་འབྲས་ལ་ཆད་པ་ནན་པོ་གཅོད་པ”བཅས་ཀྱི་སྟོན་ཕྱོགས་མངོན་གསལ་དོད་དུ་བཏང་བ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་དང་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སོགས་ལ་དམ་པོར་དམིགས་ནས། གཙོ་གནད་བཙོག་འབུད་ཁེ་ལས་སུ་བསྐྱོད་དེ་ཁྲིམས་སྒྱུར་མི་སྣ་མི་ཐེངས་190ལྷག་ཙམ་བཏང་བ་དང་། ཁེ་ལས་95ལ་ཞིབ་བཤེར་བྱས་པ། ཁྲིམས་འགལ་བྱེད་སྤྱོད་ཁག་10ལ་ཡོ་བསྲང་བྱ་རྒྱུའི་བཀའ་བཏང་བ། གྱོད་གཞི་1གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་ཐག་བཅད་པ། “12369”ཁོར་ཡུག་ཐེར་འདོན་གྱོད་གཞི་ཁག་6བདག་སྤྲོད་བྱས་པ། གྱོད་གཞི་ཐག་གཅོད་བྱེད་ཚད་100%ཟིན་ནས་ཁོར་ཡུག་ལྟ་འདོམས་ཀྱི་ནུས་པ་གང་ལེགས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།