དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • རང་ལྗོངས་ཀྱིས་མི་སྤྱི་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག་བཏོན་པ།

    ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལོ་རེར་མི་ཁྲི་5ཙམ་གསར་དུ་ལས་ཞུགས་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས《ལྗོངས་ཡོངས་ཀྱི་མི་སྤྱི་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》(གཤམ་དུ《སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》ཞེས་བསྡུ་རྒྱུ)བཀྲམ་ཞིང་། དེའི་ནང་ལས་ཞུགས་ལས་གཏོད་དང་། སྤྱི་ཚོགས་འགན་བཅོལ། ཤེས་ལྡན་མི་སྣ་འཕེལ་རྒྱས། ལས་བཀོལ་ལ་མཛུབ་ཁྲིད། མི་སྤྱིའི་སྤྱི་པའི་ཞབས་ཞུ་སོགས་དང་འབྲེལ་བ་ཡོད་པ་རེད།

    《སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》ནང་བསྟན་དོན། ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་དང་ངལ་རྩོལ་ནུས་ཤུགས་མཁོ་སྤྲོད་ཀྱི་སྦྲེལ་མཐུད་ཡག་པོ་བྱེད་པ་དང་ཆབས་ཅིག་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་པར་རྒྱབ་སྐྱོར་དང་ལྕག་སྐུལ་བྱེད་པའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལོ་ལྟར་མི་ཁྲི་5ཙམ་གསར་དུ་ལས་ཞུགས་ཐུབ་པའི་འགན་ལེན་བྱས་ནས། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་95%ཡན་ལས་ཞུགས་ཐུབ་པའི་འགན་ལེན་བྱེད་རྒྱུ་དང་། སྐབས་བསྟུན་ལས་ཞུགས་ལས་གནས་སྔར་བས་མང་པོ་བཏོད་དེ་མངགས་སྐྱེལ་བ་དང་། མྱུར་སྐྱེལ་བ། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ། དྲ་ཐོག་ཐད་འཚོང་བ། དྲ་ཐོག་ཚོང་ཁང་གཉེར་མཁན་སོགས་ལས་ཞུགས་ཀྱི་རྣམ་པ་གསར་པའི་གཞི་ཁྱོན་ཆེ་རུ་བཏང་ཐོག་སྐབས་བསྟུན་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་ཆ་འཕྲིན་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཁྱབ་ཁོངས་སུ་བཅུག་སྟེ། སྐབས་བསྟུན་ལས་ཞུགས་ལ་ལྕག་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུ་དང་། ལས་གཏོད་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་བྱེད་པ། ལས་གཏོད་ཀྱི་མཐོ་རིམ་གླེང་སྟེགས་གཉེར་བ། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ལས་གཏོད་དཔེ་སྟོན་རྟེན་གཞི་ཁག་གཅིག་སྐྱེད་སྲིང་བཅས་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མས་གསར་གཏོད་ལས་གཏོད་བྱེད་པར་སྲིད་ཇུས་ཀྱི་མ་དངུལ་དང་། མཛུབ་ཁྲིད་གསོ་སྦྱོང་། སྐྱེད་སྲིང་ལས་སྟེགས་སོགས་མཁོ་འདོན་བྱ་རྒྱུ། ལག་རྩལ་བཟོ་པའི་སློབ་གྲྭས་ཁེ་ལས་དང་ཐད་ཀར་ཁ་གཏད་སྦྲེལ་མཐུད་བྱས་ནས། ཁེ་ལས་ལ་མཁོ་བའི་རྩལ་ནུས་ཤེས་ལྡན་པ་གནད་སྨིན་གསོ་སྐྱོང་དང་གསོག་ཉར་བྱེད་པར་ལྕག་སྐུལ་གཏོང་རྒྱུ། གཉེར་སྐྱོང་བྱེད་པོས་ཁེ་ལས་འཛུགས་པ་དང་། ལས་མི་བསྡུ་སྤྱོད། ལས་མི་བཀོལ་མཚམས་འཇོག་པ། ཐོ་སུབ་པ་སོགས་ལྷུ་ཚིགས་དང་འབྲེལ་བའི་མི་སྤྱིའི་ཞབས་ཞུའི་དོན་ཚན་གྱི“དོན་དག་གཅིག”འགན་གཙང་ལེན་པར་སྐུལ་འདེད་བཏང་ཐོག་ལས་ཤོར་འགན་བཅོལ་གྱི་ཁེ་ལས་ལ་ཕན་པའི་སྲིད་ཇུས“རེ་ཞུ་མི་དགོས་པར་ལོངས་སྤྱོད་ཐུབ་པར”བྱས་ནས། ཁེ་ལས་ལ་སྟབས་བདེ་སྐྲུན་པ་དང་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་རེད།

    《སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》ནང་ད་དུང་བསྟན་དོན། “གྲངས་འཛིན་མི་སྤྱི”འཛུགས་སྐྲུན་བྱེད་པ་དང་། མི་སྤྱིའི་ལས་སྟེགས་ཐོན་ཁུངས་ཚང་མ་བསྡུ་སྒྲིལ་བྱས་ཏེ“དྲ་ཐོག་གཞུང་དོན་ཁང”གི་མ་ལག་འཛུགས་པ། མི་སྤྱིའི་དོན་ཚན་དྲ་ཐོག་ནས་སྒྲུབ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། “ངོ་གཏུག་མི་དགོས་པ་དང་། རྒྱུག་མི་དགོས་པ། བར་ཐག་མེད་པ”བཅས་ཀྱི་སྒྲུབ་གཉེར་བྱེད་སྟངས་གསར་པ་གཏོད་རྒྱུ་དང་། ཤེས་ལྡན་པའི་ཞབས་ཞུའི་ཕན་འབྲས་ཆེ་རུ་དང་། ཤེས་ལྡན་པ་ནང་འདྲེན་བྱེད་པ། གནས་གཏན་འཁེལ་སློབ་མ་དང“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་ལས་དོན་དྲ་ཐོག་ནས་བསྒྲུབ་རྒྱུ། རང་བཙུགས་ལས་སྒོའི་མ་ལག་དང་རང་སྐྱོང་ལྗོངས་ཀྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་སྦྲེལ་མཐུད་གཏིང་ཟབ་བྱེད་པ་དང་། མི་སྤྱིའི་ཞབས་ཞུའི་དོན་ཚན་སྲིད་དོན་ཞབས་ཞུའི་གསལ་ཐོ་དོ་དམ་ནང་འཇུག་པར་སྐུལ་འདེད་བཏང་སྟེ་ཁྱད་མེད་བདག་སྤྲོད་དང་ཚད་གཞི་འདྲ་མཉམ་ངང་སྒྲུབ་གཉེར་དང་། བབ་བསྟུན་གསར་སྒྱུར་ལམ་སྲོལ་བཙུགས་ནས། གསལ་ཐོའི་ནང་གི་དོན་ཚན“སྦར་མཐིལ་ནས་སྒྲུབ་གཉེར་ཐུབ་པ”དང“སྦར་མཐིལ་ནས་སྒྲུབ་གཉེར་བྱེད་བདེ་བར”བྱ་རྒྱུ། སྲིད་དོན་ཞབས་ཞུའི་དོན་ཚན་གྱི་གསལ་ཐོ་དང་ལས་སྒྲུབ་ཕྱོགས་སྟོན་ཡོངས་བསྒྲགས་བྱས་ནས། ཁེ་ལས་དང་མང་ཚོགས་ལ“ཚལ་ཐོའི་རྣམ་པའི”ཞབས་ཞུ་དང“གནད་སྨིན་ཅན”གྱི་ཁྲིད་སྟོན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།