ཁོར་ཡུག་སྲུང་སྐྱོང་བྱེད་པར་མི་ཚང་མར་འགན་འཁྲི་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཚན་རིག་དང་མཐུན་པ་དང་། ཁྲིམས་ལྟར། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་དགུང་སྔོན་སྲུང་སྐྱོང་དང་། ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྐྱོང་། “འགྱིག་སྙིགས་སྦགས་བཙོག”བཅོས་སྐྱོང་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་ཡག་པོ་བརྒྱབ་པ་དང་། ནུས་ཤུགས་ཡོད་རྒུས་གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་རྒྱ་དང་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ཀྱི་ལྟ་འདོམས་མ་ལག་བསྐྲུན་པས་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ལས་བྱེད་ལས་བཟོ་དང་ཁོར་ཡུག་སྲུང་སྐྱོང་དང་བླངས་པ་སྒྲིག་འཛུགས་བྱས་ནས། བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་རྒྱ་ཆད་གྲོང་ཚོར་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། འདི་ནི་ལས་བྱེད་ལས་བཟོ་དང་ཁོར་ཡུག་སྲུང་སྐྱོང་དང་བླངས་པས་གད་སྙིགས་སྒྲུག་བཞིན་པ།