དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • མངའ་རིས་ས་ཁུལ་གྱིས་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-05

    ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། 2023ལོའི་འཛམ་གླིང་ཁོར་ཡུག་ཉིན་མོའི“མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྱོང”གི་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོ་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ས་ཨུད་དྲིལ་བསྒྲགས་པུའུ་དང་དྲ་འཕྲིན་གཞུང་དོན་ཁང་སོགས་ཚན་པ་20དང་མཉམ་དུ་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་རིང“དྲ་འཕྲིན་གྱི་མངའ་རིས”དང“མཁའ་དབྱིངས་ཀྱི་མངའ་རིས”ཀྱི་སྐད་འཕྲིན་སྤྱི་རྟགས་སོགས་གཞི་རྟེན་དུ་བྱས་ནས། འཛམ་གླིང་ཁོར་ཡུག་ཉིན་མོར་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བརྡ་ཁྱབ་དང་། དྲིལ་བསྒྲགས་བརྙན་ཐུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པའི་དཔེ་མཚོན་བཅས་རྒྱུན་མཐུད་བསྟན་པ་རེད། དེ་དང་དུས་མཚུངས་མི་སྣ་འདུ་འཛོམས་ཆེ་བའི་པའེ་དབྱི་སྒོ་རྩིས་ཚོང་ཁང་གི་སྒོ་འགྲམ་དང་། ཁང་ལེ་ཁུལ་གསར་གྱི་ཐང་ཆེན། དམངས་སྲིད་ཅུས་ཀྱི་གཞུང་ལས་ཐོག་ཁང་མདུན་ངོས་བཅས་སུ་དྲིལ་བསྒྲགས་ས་ཚིགས་བཙུགས་པ་དང་འཕྲེད་འགེལ་སྦྱར་ཡིག་བཀལ་ནས། དྲིལ་བསྒྲགས་པས་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱའི་དེབ་ཆུང་དང་སྤྱོད་གོ་ཆེ་བའི་ཁོར་ཡུག་སྲུང་སྐྱོང་གི་འཚོ་བའི་མཁོ་ཆས་སྤྲོད་པ་དང་། ས་གནས་ས་ཐོག་ཏུ་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་རྒྱག་པ། སྲིད་ཇུས་བློ་འདྲིར་ལན་འདེབས་པ། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་བདག་སྤྲོད་བཅས་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་3000ལྷག་ཙམ་དང་དྲིལ་བསྒྲགས་དངོས་རྫས་1820ལྷག་ཙམ་སྤྲད་པ་དང་མང་ཚོགས་མི་ཐེངས་2500ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་རྒྱ་ཆེའི་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དང་། གྲོན་ཆུང་གི་འདུ་ཤེས། སྐྱེ་ཁམས་ཀྱི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་ཕྱིན་ནས། མི་ཚང་མས་སྐྱེ་ཁམས་་ཁོར་ཡུག་སྲུང་སྐྱོང་ལ་སེམས་ཁུར་དང་། རྒྱབ་སྐྱོར། དེའི་ནང་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། མཛེས་སྡུག་ལྡན་པའི་མངའ་རིས་འཛུགས་སྐྲུན་བཅས་བྱེད་པར་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།