དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གིས་བྱེ་འགོག་བྱེ་བཅོས་བྱས་ནས་སྐྱེ་ཁམས་ཀྱི་རྣམ་པ་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-05

    ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་ལ་སྣང་ཆེན་དང་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཡར་ཐོན། དམངས་འཚོ་ལེགས་གཏོང་བཅས་ལ་སྤྱི་འདོམས་ཀྱིས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པ”ཚུན་དུ། དིང་རི་རྫོང་བུམ་ཆུ་རྒྱུག་ཁུལ་དུ་བྱེ་འགོག་བྱེ་བཅོས་དང་སྐྱེ་ཁམས་སླར་གསོ་སོགས་ཀྱི་རྣམ་གྲངས་16ལག་ལེན་བསྟར་བ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་4.8ལྷག་ཙམ་བཏང་བ། རྒྱ་ཁྱོན་མུའུ་ཁྲི་37ལྷག་ཙམ་ཟིན་ཡོད། དེའི་ནང་རི་རྒྱ་བསྡམས་ནས་ནགས(རྩྭ)གསོ་མུའུ་ཁྲི་30ལྷག་ཙམ་བྱས་པ་དང་། གླ་ཚེར་ཡུག་འབྲེལ་འདེབས་འཛུགས་ཐང་མུའུ་ཁྲི་6.7ཙམ་བྱས་པ། བྱེ་ཐང་བཅོས་སྐྱོང་མུའུ་ཁྲི་0.86བྱས་ཡོད། རྣམ་གྲངས་ལག་བསྟར་བྱས་ཚུན། ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་། མང་ཚོགས་རང་ས་རང་ཡུལ་ནས་མི་བྲལ་བར་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་ནས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་མཁན་མི་ཐེངས་ཁྲི་16.5ཙམ་ཟིན་པ་དང་། ཡོང་འབབ་སྒོར་ཁྲི་4665བྱུང་བ་དེའི་ནང་ངལ་ནུས་ཡོང་འབབ་སྒོར་ཁྲི་2805བྱུང་བ་དང་མང་ཚོགས་ཀྱིས་འཕྲུལ་ཆས་བོགས་མར་བཏང་ནས་ཡོང་འབབ་སྒོར་ཁྲི་1860རག་ཡོད།

    བུམ་ཆུའི་རྒྱུག་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་བྱེ་འགོག་བྱེ་བཅོས་ཀྱི་རྣམ་གྲངས་ལག་ལེན་བསྟར་བ་ནས་བཟུང་། ནགས་བཟོ་སྔོ་འགྱུར་གྱི་ཕན་འབྲས་བཟང་པོ་ཐོན་ནས་སྡོང་ཕྲུག་གསོན་ཚད་85%ཡན་ཟིན་པ་དང་། རི་སྐྱེས་རྩྭ་རྩི་ཤིང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། བུམ་ཆུའི་རྒྱུག་ཁུལ་གྱི་བྱེ་རླུང་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ། མང་ཚོགས་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་ལས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་པ་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།