དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • གཞིས་རྩེ་གྲོང་ཁྱེར་གྱིས།

    “རིག་གནས་ཡུལ་སྐོར་+གྲོང་གསེབ”ཀྱི་སྨྱན་སྦྱོར་གསར་པའི་ཚོང་གཉེར་བྱེད་སྟངས་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-30

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས“རིག་གནས་ཡུལ་སྐོར་+གྲོང་གསེབ”ཀྱི་གྲངས་འཛིན་སྨྱན་སྦྱོར་གསར་པའི་ཚོང་གཉེར་ཤེས་ལྡན་པའི་སྤྱི་ཕན་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྤྱི་ཕན་གསོ་སྦྱོང་སློབ་མ་རྣམས་གཙོ་བོ་གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་གཉེར་སྐྱོང་བྱེད་པོའི་ལས་གཉེར་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རིགས་ཀྱི་གློག་རྡུལ་ཚོང་དོན་པ། དེ་བཞིན་ཁྱིམ་ཚང་ཞིང་རའི་སྦྱིན་བདག་དང་། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྱི་གཞོན་ནུ། གྲོང་གསེབ་ཀྱི་ཕྱུག་འགྱུར་སྣེ་འཁྲིད་པ་སོཌ་རེད། གསོ་སྦྱོང་སློབ་ཚན་གྱི་ནང་དོན“བརྙན་ཐུང་གསར་རྩོམ”དང་། “ཐད་གཏོང་དྲ་ཐོག་ཚོང་དོན” “རྒྱུག་འབོར་དབྱེ་ཞིབ”སོགས་ཁག་ཆེན་པོ་གསུམ་ལ་གཙོ་བོར་དམིགས་པ་དང་། ཐད་གཏོང་སློབ་ཚན་3དང་བརྙན་ལམ་སློབ་ཚན་30བཀོད་སྒྲིག་བྱས་ཡོད།

    གསོ་སྦྱོང་བྱེད་རིང་། ཁྱོན་བརྙན་ཐུང་བརྩམས་ཆོས་106འབྱོར་བ་དང་། སློབ་མ་13གྱི་བརྙན་ལམ་རྐྱང་པ་སྟོན་ཚད་ཁྲི་གཅིག་ལྷག་ཙམ་ཟིན་པ་མ་ཟད། རིམ་རྩིས་བྱས་ན་བརྙན་ལམ་སྟོན་ཚད་ཁྲི་61.2ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།