དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ནག་ཆུ་གྲོང་ཁྱེར་གྱིས་བྱེ་འགོག་བྱེ་བཅོས་བྱས་ནས་རི་སྔོ་ཆུ་དྭངས་མཉམ་དུ་སྲུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-14

    ནག་ཆུ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་སྐྱེ་ཁམས་འཛུགས་སྐྱོང་གི་འདུ་འགོད་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ཏེ། “དཀའ་ངལ་ལ་མི་སྐྲག་ཅིང་དཀའ་སྤྱད་དངོས་སྒྲུབ་ཀྱིས་སྔོ་ལྗང་ལ་སྲུང་སྐྱོང་དང་ཁྱིམ་གཞིས་མཛེས་སུ་གཏོང་བའི”སྙིང་སྟོབས་ལ་བརྟེན་ནས་ལོ་རེ་བཞིན་རྒྱུན་འཁྱོངས་ལྷོད་མེད་ངང་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། གཙོ་གནད་ས་ཁོངས་ཀྱི་ནགས་བཟོའི་འདུ་འགོད་དང་། རྨོ་བསྐྱུར་ནགས་བཟོའི་འདུ་འགོད། གྲོང་གསེབ་ཀྱི“གྲམ་བཞིའི”ཤིང་འཛུགས་བྱ་སྤྱོད་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བར་བརྟེན་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་མ་ནུས་ལྡན་ཐེབས་ཡོད།

    ནགས་བཟོ་སྔོ་འགྱུར་ནི་བྱེ་འགོག་བྱེ་བཅོས་དང་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བའི་བྱེད་ཐབས་ནུས་ལྡན་གྱི་གྲས་ཤིག་རེད། 2017ལོ་ནས་2023ལོ་བར་ནག་ཆུ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་བྱེ་འགོག་བྱེ་བཅོས་ལ་གཙོ་གནད་དུ་དམིགས་ནས་ནགས་བཟོ་སྔོ་འགྱུར་གྱི་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ནགས་བཟོའི་རྣམ་གྲངས་མུའུ་ཁྲི་1.43ཙམ་ལེགས་སྒྲུབ་བྱས་པ་དང་ལས་གྲྭར་ཁྱོན་མ་དངུལ་སྒོར་ཁྲི་5135.28བཏང་བ་འབྲི་རུ་དང་། ལྷ་རི། ཉི་མ། གསེར་རྙེད་ཆུས། སོག་སོགས་རྫོང་དང་ཆུས་ལ་ཁྱབ་ཡོད། གཙོ་གནད་ས་ཁོངས་མུའུ་2517ལ་མ་དངུལ་སྒོར་ཁྲི་1486བཏང་བ་དང་། རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་བཟོ་མུའུ་3294ལ་མ་དངུལ་སྒོར་ཁྲི་494.1བཏང་བ། སྐྱེ་ཁམས་སླར་བཟོའི་འདུ་འགོད་མུའུ་1415.3ལ་མ་དངུལ་སྒོར་ཁྲི་849.18བཏང་བ། “གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུག་ཁུལ་དུ་ནགས་གསོ་མུའུ་7150བྱས་པར་མ་དངུལ་སྒོར་ཁྲི་2306བཏང་ཡོད། 2018ལོར། ལྗོན་ཤིང་མེད་པའི་དུད་ཚང་14672དང་ལྗོན་ཤིང་མེད་པའི་གྲོང་ཚོ་257ལ་ལྗོན་ཤིང་ཁྲི་33བཏབ་པ་དང་། ལྗོན་ཤིང་མེད་པའི་དུད་ཚང་3968དང་ལྗོན་ཤིང་མེད་པའི་གྲོང་ཚོ་49ལ་ལྗོན་ཤིང་འདེབས་པའི་ལས་འགན་ལེགས་སྒྲུབ་ཚད་བརྒལ་བྱས་ཡོད། 2022ལོར་གྲོང་གསེབ་ཀྱི“གྲམ་བཞིར”ལྗོན་ཤིང་རྐང་ཁྲི་20.94འདེབས་པའི་ལས་འགན་ལེགས་སྒྲུབ་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱི་ནགས་ཚལ་ཡོད་པ་དང་ནགས་ཚལ་ལ་འཚམ་པའི་རྫོང་ཚང་མར་དབུལ་སྐྱོར་སྡོང་ཕྲུག་ར་བ་སྔ་རྗེས་སུ་བཙུགས་ནས“ཡུལ་བབ་དང་བསྟུན་པ་དང་། ལྗོན་ཤིང་སྐྱེ་སར་ལྗོན་ཤིང་འདེབས་པའི”རྩ་དོན་དང་ཟུང་འབྲེལ་གྱིས་ས་གནས་དེ་གའི་ལྗོན་ཤིང་ཁག་གཅིག་ནགས་བཟོ་སྔོ་འགྱུར་དང་བྱེ་འགོག་བྱེ་བཅོས་ཀྱི་འདུ་འགོད་དུ་སྤྱད་དེ་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་སྤེལ་བར་སྡོང་ཕྲུག་མཁོ་འདོན་བྱས་ཡོད། 2022ལོར་རང་སྐྱོང་ལྗོངས་ནགས་ཚལ་འཆར་འགོད་ཁང་སོགས་ཀྱིས་ནགས་བཟོ་སྔོ་འགྱུར་ལ་ཚོད་སྐོར་བརྟག་དཔྱད་བྱས་པ་བརྒྱུད། ནག་ཆུ་གྲོང་ཁྱེར་གྱི་ནགས་ཚལ་ཡོད་པ་དང་ནགས་ཚལ་ལ་འཚམ་པའི་རྫོང་དང་ཆུས་ཀྱི་ནགས་ཁུལ་དུ་ས་ཞིང་བྱེ་ཐང་དུ་འགྱུར་བའི་སྣང་ཚུལ་ཐོན་མེད་པ་རེད།

    ནགས་བཟོ་སྔོ་འགྱུར་གྱི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་བརྒྱུད། ནག་ཆུ་གྲོང་ཁྱེར་གྱི་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་བྱེ་འགོག་བྱེ་བཅོས་དང་རི་སྔོ་ཆུ་དྭངས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།