དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ལྗོངས་ཕྱིའི་ཡུལ་སྐོར།
  • དབྱར་དུས་ཀྱི་གཉན་པོ་གཡུ་རྩེ།

  • ཡོང་ཁུངས།  མི་དམངས་དྲ་བ།   |     སྤེལ་དུས།  2023-06-13

    གཉན་པོ་གཡུ་རྩེ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་གནས་ཤིང་། རི་རྩེ་མཐོ་ཤོས་ལ་སྨི་5369ཡོད། གཉན་པོ་གཡུ་རྩེར་མཚེའུ་སྐར་ཚོགས་བཞིན་དུ་བཀྲམས་ཡོད་ལ། གནས་དེར་གནའ་བ་དང་། ཤ་སྐྱ། དྲེད་མོང་སོགས་སྲོག་ཆགས་རྩ་ཆེན་མང་པོ་འཚོ་གནས་བྱས་ཡོད། ཆུ་འགོ་དང་རྩྭ་ས་སྲུང་སྐྱོབ་དང་། གཙང་གསུམ་ཆུ་འགོའི་སྐྱེས་ཁམས་སྲུང་སྐྱོང་བྱ་ཆེད། 2018ལོར་གཉན་པོ་གཡུ་རྩེའི་མཛེས་ལྗོངས་ཁུལ་སྒོ་བརྒྱབ་པ་རེད། དེ་ནས། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཚང་མ་བཤིག་པ་དང་། ནུས་ཤུགས་ཡོད་རྒུས་དེ་སྔའི་རྣམ་པ་སླར་གསོ་བྱས་ཤིང་། རྩྭ་ཐང་དང་འདམ་རའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གྱུར་ནས། སྲོག་ཆགས་དཀོན་པོ་དང་རྩ་ཆེན་གྱི་ཁ་གྲངས་ཀྱང་མངོན་གསལ་དུ་འཕར་སྣོན་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།