དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་མཐུན་ཚོགས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    ཟླ་6ཚེས་10ཉིན། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཆོག་མཆན་ཐོབ་ནས་བཙུགས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་མཐུན་ཚོགས་ཀྱིས་མཐུན་ཚོགས་བཙུགས་པའི་ཚོགས་ཆེན་དང་ཚོགས་མིའི་ཚོགས་ཆེན་སྐབས་དང་པོ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་མཐུན་ཚོགས་བཙུགས་པའི་དམིགས་ཡུལ་ནི་མཛེས་ལྗོངས་ཁུལ་ལས་རིགས་ཀྱི་ཐུན་མོང་ཁེ་ཕན་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་སྣ་ཚོགས་འཕེལ་རྒྱས་གཏོང་རིང་འཕྲད་པའི་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། སྲིད་གཞུང་སྡེ་ཚན་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་དབར་གྱི་འབྲེལ་ཐག་ནུས་པ་འདོན་པ་བཅས་བྱས་ནས་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་འབུལ་ཆེད་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།