དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བྱ་དགའ་དང་ཆད་གཅོད་ལམ་སྲོལ་བཙུགས་ནས་མི་ཕྱུགས་ལོགས་སུ་དབྱེ་བ།

    ཆུ་གསུམ་རྫོང་རྨ་རོ་གྲོང་ཚོས་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-09

    ཉེ་བའི་ལོ་ཤས་རིང་། ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྨ་རོ་གྲོང་ཚོས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”དང་། གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད། ཁྱིམ་ཚང་གི་གཙང་སྦྲའི་སྐོར་སྐྱོད་དར་དམར་དཔྱད་བསྡུར། གད་སྙིགས་གཙང་སེལ་བཅས“སྒོ་མདུན་གྱི་འགན་ལེན་གསུམ”གྱི་འགན་འཁྲིའི་ལམ་ལུགས་དང་། སྐྱེ་ཁམས་ཤེས་དཔལ་སྒྲོག་འགྲེལ། མི་ཕྱུགས་ལོགས་དབྱེའི་འདུ་འགོད་སོགས་ཀྱི་བྱ་ཐབས་བརྒྱུད་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཚོ་ཡོངས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད།

    “ཀྲི་པུའུ་ཡིས་སྣེ་ཁྲིད་དང་། ཏང་ཡོན་གྱིས་སྣེ་ཁྲིད། དང་བླངས་ཞབས་འདེགས། མང་ཚོགས་ཞུགས་པ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། རྨ་རོ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང་། གྲོང་སྡོད་ལས་བྱེད་པ། དུད་སྦྲེལ་སྤྱི་མི་བཅས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྒྲོག་འགྲེལ་པ་དང་དང་བླངས་པ་བྱེད་པ་དང་། གྲོང་ཚོ་རིམ་པའི་དང་བླངས་ཞབས་འདེགས་རུ་ཁག་6བཙུགས་ཏེ་གད་སྙིགས་གཙང་སེལ་དང་། སྒོ་མདུན་གྱི་འགན་ལེན་གསུམ། གཟའ་འཁོར་རེར་གཙང་སྦྲ་རེ། ཟླ་རེར་གཙང་སྦྲ་ཆེན་པོ་རེ་བྱེད་པའི་ལམ་ལུགས་གྲོང་སྲོལ་དམངས་ཆིངས་ནང་བཅུག་སྟེ། ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། ཏང་དམངས་བྱེད་སྒོའི་ཉིན་མོ། གྲོང་ཚོའི་གཙང་སྦྲའི་ཉིན་མོ་སོགས་ཀྱི་བྱེད་སྒོ་གཞི་རྟེན་དུ་བྱེད་པ། ཟླ་རེའི་ཚེས་1དང་15ཉིན་གྲོང་ཚོ་ཡོངས་སུ་གཙང་སྦྲ་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་། འགག་རྩའི་ལྷུ་ཚིགས། ཁུག་ཀྱོག་སོགས་ལ་གཅིག་སྡུད་བཅོས་སྒྲིག་བཅས་བྱས་ནས་ལས་བྱེད་པས་སྣེ་ཁྲིད་པ་དང་། ཏང་ཡོན་གྱིས་མིག་དཔེ་སྟོན་པ། མང་ཚོགས་རང་འགུལ་ངང་ལས་ཀ་བྱེད་པ་བཅས་ཀྱི་མཉམ་ཤུགས་ཤིག་ཆགས་པར་བྱས་ནས་མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་བྱེད་སྒོར་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད།

    དེ་དང་ཆབས་ཅིག རྨ་རོ་གྲོང་ཚོས་གཙང་སྦྲ་དཔྱད་བསྡུར་ལམ་སྲོལ་བཙུགས་ནས་ཟླ་རེར་ཁོར་ཡུག་གཙང་སྦྲའི་དཔྱད་བསྡུར་ཐེངས་རེ་བྱས་ཏེ་ཁོར་ཡུག་གཙང་སྦྲ་ཡག་པའི་ཁྱིམ་ཚང་ལ་སྐོར་སྐྱོད་དར་དམར་སྤྲོད་པ་དང་། སྐད་འཕྲིན་ནས་དམར་འདོན་དང་ཆད་པ་གཅོད་པའི་ལམ་སྲོལ་འཛུགས་པ། གྲོང་ཚོའི་ཁོར་ཡུག་གཙང་སྦྲ་བཅོས་སྒྲིག་ལས་དོན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་དུས་བཀག་ནང་འཐེན་བཤེར་དང་སྐབས་བསྟུན་འཐེན་བཤེར་ཟུང་འབྲེལ་གྱི་བྱ་ཐབས་སྤྱོད་པ། ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དམར་འདོན་བཅས་བྱས་ནས་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ། སྐར་མ་བསགས་ནས་དངོས་རྫས་བརྗེ་པོ་རྒྱག་པར་སྐུལ་འདེད་གཏོང་བའི་བྱ་དགའི་ལམ་སྲོལ་བཙུགས་ཏེ་མང་ཚོགས་ཀྱིས་གད་སྙིགས་རིགས་དབྱེའི་ས་ཚིགས་སུ་སྐྱེལ་རྒྱུར་ཁྲིད་སྟོན་གྱིས་འཚོ་བའི་མཁོ་ཆས་དང་བརྗེ་པོ་བརྒྱབ་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ། ཁྱུག་དབྱིངས་ཀྱི་བརྙན་ཐུང་དང་། སྐད་འཕྲིན་སྤེལ་རེས་ཚོགས་པ། གྲོང་ཚོའི་རྒྱང་བསྒྲགས་སོགས་སྨྱན་སྦྱོར་ལ་བརྟེན་ནས་དུས་ངེས་མེད་ངང་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་དྲིལ་བསྒྲགས་པར་གཞི་ཁྱབ་གདལ་བཏང་སྟེ་མང་ཚོགས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་རྗེས་སུ་མ་ལུས་པར་བྱས་ནས་གྲོང་ཚོ་དེ་ཡོངས་སུ“འགྲན་སློབ་སྙེག་བརྒལ”གྱི་ཁོར་ཡུག་བཅོས་སྒྲིག་ལ་ཞུགས་པའི་རྣམ་པ་ཞིག་བཏོད་ཡོད།

    རྨ་རོ་གྲོང་ཚོས་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་ཀྱི་མ་དངུལ་གང་ལེགས་སྤྱད་དེ་གྲོང་ཚོའི་ཕྱིར་མཐོ་ཚད་སྨི་1ཙམ་ཟིན་པའི་གྱང་བསྐོར་ནས་གྲོང་མིའི་འཚོ་བའི་ཁུལ་དང་ཕྱུགས་རིགས་གསོ་ཚགས་ཁུལ་ལོགས་སུ་དབྱེ་བ་དང་འབྲེལ། གྲོང་ཚོའི་མཐའ་སྐོར་དུ་བ་ཚང་25དང་། དབྱར་ཀའི་ལྷས་ར་16 དགུན་ཁའི་ལྷས་ར་8བཅས་བསྐྲུན་ནས་ནོར་ལུག་གྲོང་ཚོ་ནས་རི་སྟེང་དུ་གཅིག་གྱུར་གཡོག་བྱེད་བྱས་ཏེ་གྲོང་ཚོའི་རྣམ་པ་སྔར་བས་ལེགས་སུ་བཏང་བ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་སྔར་བས་ལེགས་སུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།