དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཆུ་བེད་ཅུས་ཀྱིས།

    ཆུའི་ཁོར་ཡུག་ལེགས་སུ་བཏང་ནས་ཆུ་བོ་དང་མཚེའུ་དྭངས་གཙང་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-09

    ཉེ་བའི་ལོ་ཤས་རིང་། ཁ་རུབ་ཆུས་ཆུ་བེད་ཅུས་ཀྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”པའི་འདུ་ཤེས་བརྟན་པོ་བཙུགས་ནས་བྱ་ཐབས་ཁག་ཟམ་མི་ཆད་པར་སྤྱད་དེ་ཆུ་སྤུས་ལེགས་སུ་དང་སྐྱེ་ཁམས་སླར་གསོ་ཡོང་བར་སྐུལ་འདེད་བཏང་བ་རེད།

    རིམ་པ་རེ་རེ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ནས་འགན་འཁྲི་ནན་དུ་བཏང་བ། ཁ་རུབ་ཆུས་ཁོངས་སུ་ཆུ་བོ་ཆེ་ཆུང་71ཡོད་པ་དང་རྫོང་རིམ་པའི་སྤྱི་ཁྱབ་ཆུ་དཔོན་1དང་། རྫོང་རིམ་པའི་ཆུ་དཔོན་34 ཤང་རིམ་པའི་ཆུ་དཔོན་15 གྲོང་ཚོ་རིམ་པའི་ཆུ་དཔོན་158བཅས་བཙུགས་ནས་ཆུ་བོ་ཚང་མར་ཁུག་གསང་སྟོང་གསུམ་མ་ལུས་པ་དང་། ཕྱོགས་ཡོངས་ནས་དོ་དམ་བདག་སྐྱོང་ཡག་པོ་བྱེད་པ། ཆུ་དཔོན་ལམ་ལུགས་ཀྱི་ལས་ཀའི་འགན་འཁྲི་ཏན་ཏིག་སྒྲུབ་པ། ཆུ་བོ་དང་མཚེའུ་དོ་དམ་དང་འཛུགས་སྐྲུན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་པ་རེད།

    དྲིལ་བསྒྲགས་དང་སྐུལ་སློང་རྒྱ་ཁྱབ་བྱས་ནས་ཆུ་སྲུང་ཁོར་ཡུག་བསྐྲུན་པ། མཛེས་སྡུག་ལྡན་པའི་ཆུ་བོ་འཛུགས་གཏོད་ཀྱི་ལས་དོན་གྲོང་གསེབ་དང་། སྡེ་ཁུལ། སློབ་གྲྭ་བཅས་སུ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་ནས་གྲོང་ཚོ་ཚང་མར་རྒྱང་བསྒྲགས་གཏོང་བ་དང་འཕྲེད་འགེལ་སྦྱར་ཡིག་འགེལ་བ། དྲིལ་བསྒྲགས་ཤོག་ལྷེ་སྤྲོད་པ། སྐད་འཕྲིན་སྤྱི་རྟགས་གསར་པ་བརྗེས་པ་སོགས་ཀྱི་བྱེད་ཐབས་བརྒྱུད“མི་ཚང་མར་གཙང་པོ་དང་ཆུ་བོ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཡོད་པའི”རྣམ་པ་བཟང་པོ་ཧུར་ཐག་བཏོད་པ་རེད།

    ཆུ་བོ་དྭངས་གཙང་གི་བྱ་སྤྱོད་སྤེལ་ནས་ཆུ་བོར་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ། ཆུ་ལམ་གཙང་སྲུང་བས་དུས་བཀག་ལྟར་ཁོངས་གཏོགས་ཁུལ་གྱི་ཆུ་རྒྱུད་དུ་སྐོར་སྐྱོད་བྱེད་པའི་བྱ་སྤྱོད་སྤེལ་བ་དང་། ཆུ་དཔོན་གྱི་ཡོངས་བསྒྲགས་བྱང་བུ་དང་དེ་བཞིན་ཆུ་དཔོན་གྱི་ཆ་འཕྲིན་རྩིས་ཁྲ་དུས་ཐོག་ཏུ་གསར་པ་བརྗེས་པ། ལྕང་མའི་ལོ་མ་དང་སོག་མ། གད་སྙིགས་སོགས་ཀྱི་འཕྱོ་དངོས་དུས་ཐོག་ཏུ་གཙང་སེལ་བྱས་ནས་གཙང་པོ་གཙང་མ་ཡོང་བར་བྱས་པ་རེད།

    མཉམ་འབྲེལ་ཐོག་ཁྲིམས་སྒྱུར་བྱས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ། ཆུ་དཔོན་ལམ་ལུགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲིའི་འབྲེལ་ཐག་ཤར་གཏོང་ཐུབ་པར་བྱས་ཏེ་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་གཙང་པོ་དང་མཚོ་དང་འབྲེལ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ལྟ་སྐུལ་ཞིབ་བཤེར་གཏིང་ཟབ་བྱེད་པ་དང་། སྡེ་ཚན་ཁག་གི་འབྲེལ་ཡོད་འགན་འཁུར་ཚན་པ་སྒྲིག་འཛུགས་བྱས་ནས་རྫ་ཆུ་སོགས་གཙང་པོ་གཞན་རྒྱུག་ཁུལ་དུ“ཟང་ཟིང་བཞི་གཙང་སེལ”གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ། ཆུ་བོ་རྒྱུག་ཁུལ་གྱི“ཟང་ཟིང་བཞིའི”གནད་དོན་བཅོས་སྒྲིག་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཁོངས་གཏོགས་ཁུལ་དུ་སྡེ་ཚན་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་ཇུས་ཤུགས་མཉམ་འདོན་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་ཐུབ་པ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།