དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • 2022ལོར་བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་མ་དངུལ་སྒོར་དུང་ཕྱུར་44.6དོན་འཁྱོལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-06-08

     ཚེས་5ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2022ལོར་བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་མ་དངུལ་སྒོར་དུང་ཕྱུར་44.6དོན་འཁྱོལ་བྱས་པ་ལས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་7.6དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་འདུ་འགོད་སྤྱི་འདོམས་ཐོག་ལག་བསྟར་བྱས་ཏེ་གཙང་པོ་དང་ཆུ་བོ་གལ་ཆེན(ཡར་ཀླུང་གཙང་པོ་དང་ལྷ་ས་སྐྱིད་ཆུའི)གྱི་ཆུ་འགོའི་སྐྱེ་ཁམས་ནུས་པའི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འདུ་འགོད་ཀྱི་ཕན་འབྲས་ཚོད་སྐོར་ལས་དོན་ལེགས་སྒྲུབ་བྱས་ཡོད། གཙོ་གནད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནུས་པའི་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར་37སྤོ་སྒྱུར་གཏོང་སྤྲོད་བྱས་པ་དང་། སྐྱེ་ཁམས་ལས་གནས་ཁྲི་44.7དོན་འཁྱོལ་བྱས་པ་རེད།

    སྤྱི་བསྒྲགས་ནང་མངོན་དོན། 2022ལོར་བོད་ཀྱི་གཙང་པོ་དང་མཚོ་གལ་ཆེན་གྱི་ཆུ་སྤུས་ཁྱོན་ཡོངས་ནས་ལེགས་པོ་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དེ་མཚུངས་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིར་སླེབས་ཡོད། རྫ་ཆུ་དང་། འབྲི་ཆུ། ཡར་ཀླུང་གཙང་པོ། རྒྱལ་མོ་རྔུལ་ཆུ་བཅས་ཀྱི་ཆུ་གཞུང་གི་ཆུའི་སྤུས་ཚད《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞིའི》རིམ་པ་IIལ་སླེབས་པ་དང་། ལྷ་ས་སྐྱིད་ཆུ་དང་། མྱང་ཆུ། ཉང་ཆུ་སོགས་གྲོང་ཁྱེར་དང་གྲོང་རྡལ་གལ་ཆེན་དུ་རྒྱུག་པའི་རྒྱུག་ཆུའི་ཆུ་སྤུས་རིགས་IIལ་སླེབས་པ། ཇོ་མོ་གླང་མ་ནས་བཞུར་བའི་རོང་ཕུ་གཙང་པོའི་ཆུ་སྤུས་རིམ་པ་Iཡི་ཚད་གཞིར་སླེབས་ཡོད།

    སྤྱི་བསྒྲགས་ནང་ད་དུང་མངོན་དོན། ད་དུང་བོད་ཀྱི་རླུང་ཁམས་ཆེན་པོའི་སྤུས་ཚད་ཁྱོན་ཡོངས་ནས་ལེགས་པོ་རྒྱུན་འཁྱོངས་ཐུབ་པ་དང་། ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ཚད་གཞི་རིམ་པ་གཉིས་པར་སླེབས་པ། ཆ་སྙོམས་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.5%ཟིན་པ། དབྱང་གཉིས་མུ་ཟི་འགྱུར་དང་། དབྱང་གཉིས་ཏན་འགྱུར། དབྱང་གཅིག་ཐཱན་འགྱུར་སོགས་ལོ་རེའི་ཆ་སྙོམས་གར་ཚད་ཚད་གཞི་རིམ་པ་དང་པོར་སླེབས་པ། ཇོ་མོ་གླང་མའི་ས་ཁོངས་ཀྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་མུ་མཐུད་ལེགས་པོ་རྒྱུན་འཁྱོངས་ཐུབ་ནས་ཚད་གཞི་རིམ་པ་དང་པོར་སླེབས་ཡོད་པ་རེད། གཞན་ཡང་། བོད་ཀྱི་ས་རྒྱུའི་ཁོར་ཡུག་གནས་ཚུལ་གྱི་སྤུས་ཚད་བདེ་འཇགས་ལྡན་པའི་ཆུ་ཚད་དུ་གནས་པ་དང་སྒྲའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད།

    བོད་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་བརྟན་པོའི་ངང་མང་དུ་སོང་བ་དང་ལྷག་པར་དུ་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་སླར་གསོ་ཐུབ་ཡོད། སྤྱི་བསྒྲགས་ནང་མངོན་དོན། གཙོད་དང་། འབྲོང་། ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱི་གྲངས་འབོར་བརྟན་པོའི་ངང་མང་དུ་སོང་བ་དང་། དེ་སྔོན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུད་པ་ཆད་པར་ངོས་འཛིན་བྱས་པའི་བོད་ཀྱི་ཤྭ་བ་གསེར་ཆེན་ཐོག་མར་ཤེས་སྐབས་ཀྱི་མགོ་གྲངས་200ལྷག་ཙམ་ནས་ད་ཆའི་མགོ་གྲངས་800བར་མང་དུ་སོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།