དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་གཏོང་བ་དང་། ལེ་དབར་བརྒྱ་ཡི་སྐྱེ་ཁམས་སྔོ་ལྗང་བར་ཁྱམས་བསྐྲུན་པ། ཐཱན་ཉུང་གྲོང་ཁྱེར་གྱི་ཚོད་ལྟ་བྱ་ཡུལ་གཏོད་པ་སོགས།

    ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཐབས་མང་མཉམ་དུ་སྤྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-08

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས“རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་འཛུགས་གཏོད”དང་། “ས་གཙང་བདེ་ཐང་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་ལོ་རེར་ཆ་སྙོམས་འཕར་ཚད” “ནཱ་རྩེ་ཡི་རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང”བཅས་རིགས་3གྱི་ཁྱད་ལྡན་དམིགས་ཚད་5མང་དུ་བཏང་སྟེ་ལེ་དབར་བརྒྱ་ཡི་སྐྱེ་ཁམས་སྔོ་ལྗང་བར་ཁྱམས་དང་། ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་སྐྱེ་ཁམས་བཅོས་སྐྱོང་ལས་གྲྭ(དུས་ཐེངས་གཉིས་པ) ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་རྣམ་གྲངས་བཅས་ལག་ལེན་བསྟར་བ་དང་། “ཅན་གཉིས”ཀྱི་མཐུན་སྦྱོར་ཕྱོགས་བསྡུས་ཚོད་ལྟའི་གྲོང་ཁྱེར་འཛུགས་སྐྲུན་དང་། ཐཱན་ཉུང་གྲོང་ཁྱེར་གྱི་ཚོད་ལྟ་བྱ་ཡུལ་འཛུགས་སྐྲུན། རླུང་ཁམས་ཆེན་པོའི་སྦགས་བཙོག་གནས་ཚུལ་བརྟག་དཔྱད་དང་འབྱུང་རྩར་ཞིབ་འཇུག གཏེར་ཁུལ་གྱི་ལྕི་བའི་ལྕགས་རིགས་དང་འབྲེལ་བའི་ཟོག་རོར་གྲལ་བཤེར། སྒྲ་ནུས་ཁུལ་གྱི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལེགས་སྒྲིག་བཅས་ལ་སྐུལ་འདེད་གཏོང་བ་མངོན་གསལ་ཆེ་བའི་ལས་དོན་གྱི་ནང་དུ་བཅུག་ཡོད།

    ལས་ཀའི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་ལས་དོན་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བརྟག་ཞིབ་མཐུན་སྦྱོར་ལ་ཤུགས་སྣོན་དང་། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ནན་པོ་བཅས་བྱས་ནས་འཛུགས་གཏོད་ལས་དོན་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་འགན་ལེན་ནུས་ལྡན་བྱས་ཡོད།

    ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ཐང་ལི་ཆུང་གིས་ངོ་སྤྲོད་བྱས་དོན། 2022ལོར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གཙོ་གནད་ལས་འགན་53དང་གཙོ་གནད་རྣམ་གྲངས་21ཁ་གསལ་བཟོས་པ་དང་། 2023ལོར་གཙོ་གནད་ལས་འགན་49དང་། ལས་ཀའི་བྱེད་ཐབས་133 མཚོན་རྟགས་རང་བཞིན་གྱི་ལས་གྲྭ(ལས་དོན)10 གཙོ་གནད་རྣམ་གྲངས་62 འདོན་ཉེར་ཡོད་པའི་འཆར་འགོད་ཡིག་ཆ་13བཅས་ཞིབ་ཕྲ་བཟོས་ཡོད། ཁོངས་མིའི་ཚན་པ་ཁག་གིས་དམིགས་ཚད་ལས་འགན་ལ་དམིགས་ཏེ་གསལ་ཐོ་ཅན་གྱི་བཀོད་པ་གཏོང་བ་དང་། རྣམ་གྲངས་ཅན་གྱི་སྐུལ་འདེད། ལམ་ལུགས་ཅན་གྱི་དོན་འཁྱོལ་བཅས་བྱས་ནས་འཛུགས་གཏོད་ཀྱི་ལས་འགན་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    2022ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་གཙོ་གནད་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ནུས་ལྡན་བྱེད་པར་སྣེ་འཁྲིད་མཁན་ཡག་པོ་ཞིག་བྱེད་བཞིན་ཡོད། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་2022ལོར་གཙོ་གནད་རྣམ་གྲངས་21ལས་5ལེགས་སྒྲུབ་བྱས་པ་དང་16ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་མ་ཟད། སྔར་བཞིན་སྐུལ་འདེད་གཏོང་བཞིན་པའི་གཙོ་གནད་རྣམ་གྲངས་དག་2023ལོའི་རྣམ་གྲངས་ཀྱི་གསལ་ཐོར་བཅུག་ནས་མཉམ་དུ་རྗེས་འདེད་བཀོད་གཏོང་བྱས་པ་རེད། 2023ལོར་གཙོ་གནད་རྣམ་གྲངས་62ལས་2ལེགས་གྲུབ་ཟིན་པ་དང་། རྣམ་གྲངས་43ལས་འགོ་ཚུགས་པ། རྣམ་གྲངས་17གྱི་དུས་འགོའམ་འོས་སྐུལ་འོས་དཔོད་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དེ་དག་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་94.37བཏང་ཡོད་པ་རེད། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་2022ལོར་རིམ་རྩིས་བྱས་ན་སྡོང་ཕྲུག་ཁྲི་1700ལྷག་ཙམ་བཙུགས་པ་དང་། 2023ལོར་མི་ཐབས་ནགས་བཟོ་མུའུ་ཁྲི་19.66བྱེད་རྩིས་ཡོད་པ་དང་མིག་སྔར་ལེ་ལག་ཚང་བའི་ཆུ་གློག་ལམ་གྱི་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་ཡོད། རི་ཆུ་ནགས་ཞིང་མཚོ་དང་རྩྭ་ཐང་སྲུང་སྐྱོང་ཉམས་གསོའི་ཚོད་ལྟའི་རྣམ་གྲངས་37གྱི་ཡན་ལག་རྣམ་གྲངས་33ལེགས་གྲུབ་ཟིན་ནས་ལས་གྲྭ་ལེགས་གྲུབ་བྱུང་ཚད་89.19%ཟིན་པར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་41.22བཏང་བ་དེས་དམིགས་ཚད་ལས་འགན་གྱི་76.45%བཟུང་བ། ཁྱོན་མ་དངུལ་སྒོར་དུང་ཕྱུར་2ཙམ་བཏང་བའི་ལྷ་སའི་ལུང་ཤུར(སྟོད་ལུང་གི་ནུབ་རྒྱུད)གྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ཚོད་ལྟའི་ལས་གྲྭ་སྤྱིའི་68.9%ལེགས་སྒྲུབ་བྱས་པ། ནཱ་རྩེ་ཡི་རྒྱལ་ཁབ་རྩྭ་ཐང་རང་བྱུང་སྤྱི་གླིང་ཚོད་ལྟའི་འཛུགས་སྐྲུན་རྣམ་གྲངས་70%ལེགས་གྲུབ་ཟིན་པ་རེད། མལ་གྲོ་གུང་དཀར་རྫོང་དང་ལྷུན་གྲུབ་རྫོང་སོགས་རྫོང་5ཡི་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་23གྱི་དབྱེ་འབྱེད་ལག་རྩལ་སྙན་སེང་ཆོག་མཆན་ཐོབ་པ་དང་། བཙོག་ཆུ་འབུད་ས་237བཅོས་སྒྲིག་བྱས་པ། འཕྲུལ་སྒུལ་འཁོར་རིགས་ཁྲི་7ལྷག་ཙམ་ལ་ཞིབ་བཤེར་ཚད་ལེན་བྱས་པ། རང་སྐྱོང་ལྗོངས་ཀྱི་ཉེན་ཡོད་ཟོག་རོ་གཙང་སེལ་ལྟེ་གནས(དུས་ཐེངས་གཉིས་པ)ཀྱི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་70%ལེགས་གྲུབ་བྱུང་བ། ཁྱོན་མ་དངུལ་སྒོར་དུང་ཕྱུར་3.2བཏང་བའི་སྣེའུ་ཁུལ་གསར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་དེའི་ཞོར་གཏོགས་ཀྱི་ལེ་ལག་ཚང་སྒྲིག་གི་མདོང་ལམ་གཙོ་བོའི(དུས་ཐེངས་དང་པོ)ལས་གྲྭ་སྤྱིའི་22%ལེགས་སྒྲུབ་བྱས་པ། གྲོང་ཁྱེར་ཡོངས་ཀྱི་རྫོང་3དང་། ཤང་11 གྲོང་ཚོ་41བཅས་ལ་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ཁུལ་གྱི་ས་གནས་ས་ཐོག་གི་བསྐྱར་ཞིབ་ལེགས་སྒྲུབ་བྱས་པ་རེད།

    ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་4དང་ལྗང་མདོག་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ཁེ་ལས་1མང་དུ་བཏང་བ་དང་། རིམ་རྩིས་བྱས་ན་རྒྱལ་ཁབ་རིམ་པའི“ལྗང་མདོག་ཚོང་ར”2བསྐྲུན་པ། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་19དང་ཁྱིམ་ཚང་ཞིང(འབྲོག)ར་11འོས་སྦྱོར་བྱས་པ། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྣེ་འདྲེན་ཁེ་ལས་25འོས་སྦྱོར་བྱས་པ་དང་ཁེ་ལས་9ལ་ཞིབ་དཔྱད་ཐོབ་ཡོད་པ་རེད། 2023ལོའི་ཟླ་དང་པོ་ནས་གསུམ་པའི་བར་ལྷ་ས་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་208.86ལ་སྣེ་ལེན་བྱས་པ་དུས་མཚུངས་ལས་34.51%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་16.46བྱུང་བ་དུས་མཚུངས་ལས་33.17%འཕར་ཡོད། རྩྭ་ཐང་གི་གནོད་ཅན་སྐྱེ་དངོས་ལ་ཡོངས་བཤེར་བྱེད་པའི་ལས་དོན་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་། སྤྱི་ལེ་2129.81ཡི་སར་བསྐྱོད་ནས་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་དང་མ་དཔེ་338ཀྱི་རིགས་70འཚོལ་བསྡུ་བྱས་ཡོད། དེས་མ་ཟད་རི་སྐྱེས་སྲོག་ཆགས་རིགས་89ཤེས་རྟོགས་བྱུང་བ་ལས་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས་17ཡོད། 2022ལོར་ལག་བསྟར་བྱས་པའི་མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་གྲོང་ཚོའི་རྣམ་གྲངས་27ཚང་མ་ལས་འགོ་ཚུགས་པ་དང་། 2023ལོར་རྣམ་གྲངས་14སྐྲུན་རྩིས་ཡོད་པ་ལས་13ལས་འགོ་ཚུགས་ཡོད། 2022ལོར་རིམ་རྩིས་བྱས་ན་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.97དོན་འཁྱོལ་བྱས་ཡོད། 2023ལོའི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར་1.7ལྷག་ཙམ་དུས་ཐོག་ཏུ་གཤམ་སྤྲོད་བྱས་པ་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་སྒོར་དུང་ཕྱུར་1.06དོན་འཁྱོལ་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།