དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

    རྒྱུན་ཆད་མེད་པར་ལྗོན་ཤིང་བཙུགས་ནས་རི་རྒོད་ལ་སྔོ་ལྗང་གི་གོས་བཟང་བཀླུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཉེ་ཆར། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་བུམ་པ་རིའི་རི་སྐེད་ཡན་གྱི་ཤིང་འཛུགས་འགན་འཁུར་ཚན་པས་དུས་ཚོད་དམ་འཛིན་དང་མྱུར་ཚད་མགྱོགས་སུ་བཏང་སྟེ། ཤིང་འཛུགས་ནགས་བཟོ་ཤུགས་ཆེན་བྱེད་བཞིན་ཡོད། བཟོ་པ་ཚོས་སྤྲོ་སེམས་རབ་ཏུ་འཕེལ་བའི་སྒོ་ནས་སྡོང་ཕྲུག་འཛུགས་པ་དང་ཆུ་རྒྱག་པ་སོགས་བྱས་ནས་ལོ་འཁོར་གྱི་ཤིང་འཛུགས་སྔོ་འགྱུར་གྱི་ལས་འགན་དུས་ཐོག་ཏུ་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད།

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་ལྷ་སའི་སྐྱེ་ཁམས་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དང་། དེས་ལྟག་ཆུ་སྐྱིལ་གསོག་དང་། ས་ཆུ་སྲུང་འཛིན། མཁའ་རླུང་གཙང་སེལ་སོགས་ཀྱི་ཐད་སྐྱེ་ཁམས་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་གྱི་ཡོད་ལ། གྲོང་མི་མང་ཚོགས་ལ་སྐྱེ་ཁམས་ལེགས་སུ་ཕྱིན་པ་ལས་བྱུང་བའི་སྡོད་མལ་འཚོ་བ་ཡང་ལོངས་སྤྱོད་ཐུབ་ཀྱི་ཡོད།

    2008ལོར་ཀུ་རུ་ཟམ་ཆེན་གྱི་ལྷོ་སྣེ་རུ་ལྷ་སའི་རི་ལ་ཤིང་འཛུགས་པའི་ཚོད་ལྟ་ཐོག་མར་ལེགས་གྲུབ་བྱུང་བ་དང་། 2011ལོར་རང་སྐྱོང་ལྗོངས་ནགས་ཤིང་ཚན་རིག་ཞིབ་འཇུག་ཁང་གིས་ལྷ་ས་སྐྱིད་ཆུའི་ལྷོ་ངོས་ཀྱི་བུམ་པ་རིར་ནགས་ཤིང་གི་སྡོང་ཕྲུག་ཚོད་འདེབས་བྱས་ཏེ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ཤིང་སོན་འདེམས་པ་དང་ནགས་བཟོ་བྱེད་སྟངས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་པ།

    2012ལོར་ལྷོ་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་ཤིང་། ལྷོ་རིའི་སྤྱི་གླིང་འདི་ཉིད་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ཆ་ཤས་ཤིག་ཡིན་པའི་ངོས་ནས། བོད་ཀྱི་ལུང་གཤོངས་ས་ཁུལ་གྱི་གཞི་ཁྱོན་ཅན་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཉམས་གསོའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཐོག་མར་གྱུར་ཡོད། 2018ལོར་ལྷ་སར“ལྗང་མདོག་གྲོང་སྐོར”གྱི་ཉེ་འཁོར་རིར་ཤིང་འཛུགས་པའི་རྣམ་གྲངས(བྱང་རི)ལག་ལེན་བསྟར་ནས་བྱང་སྐོར་ལམ་དུ་སྐྱེ་ཁམས་ཀྱི་སྲུང་ཡོལ་བསྐྲུན་ཡོད།

    གྲངས་གཞི་ལས་མངོན་དོན། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་2022ལོར་རིམ་རྩིས་བྱས་ན་སྡོང་ཕྲུག་ཁྲི་1700ལྷག་ཙམ་བཙུགས་པ་དང་། ལྷ་ས་གྲོང་ཁྱེར་དང་དེ་བཞིན་རྫོང(ཆུས)3རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་པ་མ་ཟད། མིང་ཡང་རག་ཡོད། ཤང(གྲོང་རྡལ)53དང་གྲོང་ཚོ(གྲོང་ལྷན)230རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་ཡོད། 2022ལོར་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.97དོན་འཁྱོལ་བྱས་པ་དང་། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་སྒོར་དུང་ཕྱུར་1.06དོན་འཁྱོལ་བྱས་ཡོད།

    རང་སྐྱོང་ལྗོངས་ཀྱིས་ཁྱབ་བསྒྲགས་བྱས་པའི《ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྤྱིའི་འཆར་འགོད(2021ལོ་ནས་2030ལོ་བར)》ལ་གཞིགས་ན། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ལོ་10ཡི་རིང་སྔོ་འགྱུར་ནགས་བཟོ་མུའུ་ཁྲི་206.7བྱ་རྩིས་ཡོད་པ་རེད། 2030ལོར་སླེབས་སྐབས་གསར་དུ་བསྐྲུན་པའི་ནགས་བཟོའི་རྒྱ་ཁྱོན་དེ་ད་ཡོད་ཀྱི་ལྷོ་རིའི་སྔོ་འགྱུར་རྒྱ་ཁྱོན་གྱི་ལྡབ་600རུ་སླེབས་རེ་ཡོད། སྐབས་དེ་དུས་ལྷ་ས་འདི་ཉིད་སྐྱེ་ཁམས་སྡོད་མལ་གྱི་ས་མཐོའི་ལྟེ་བའི་གྲོང་ཁྱེར་དང“དུས་བཞི་སྔོ་ལྗང་ཅན”དེ་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་བཀྲག་མདངས་འཚེར་སར་འགྱུར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།