དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • འདི་ལོའི་ལྷ་སའི་ཞོ་སྟོན་ཟླ་8ཚེས་16ཉིན་འགོ་ཚུགས་ཀྱི་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-05

    ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་སྨན་རྩིས་ཁང་གནམ་རིག་སྐར་རྩིས་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པར།《2023ལོའི་བོད་ཀྱི་ལོ་ཐོ》གཞིར་བཟུང་རྩིས་ན་འདི་ལོའི་ཞོ་སྟོན་ཟླ་8ཚེས་16ཉིན་འཁེལ་གྱི་ཡོད་པ་རེད།

    ལྷ་སར་ལོ་རེའི་ཞོ་སྟོན་རིང་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་ནང་མི་དང་གཉེན་ཉེ་གྲོགས་པོ་མཉམ་དུ་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་སོགས་སུ་བསྐྱོད་དེ་གླིང་ཁ་གཏོང་བ་དང་། ལྷ་མོར་ལྟ་བ། ཞོ་ལྡག་པ་བཅས་བྱས་ནས་ལོ་གཅིག་དུས་གཅིག་གི་ཞོ་སྟོན་དགའ་སྤྲོའི་ངང་གཏོང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།