དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • “གཅིག་སེམས་གཅིག་སྦྲེལ། ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-06-01

    ཉེ་ཆར། པེ་ཅིང་གི་བོད་སྐྱོར་གཙོ་གནད་རྒྱབ་སྐྱོར་རྣམ་གྲངས་ཏེ། 2023ལོའི“གཅིག་སེམས་གཅིག་སྦྲེལ། ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་ཐོག་མ་དེ་པེ་ཅིང་ནུབ་ཚུགས་ནས་གངས་ལྗོངས་ས་མཐོར་ཐོན་པ་རེད། ཡུལ་སྐོར་མེ་འཁོར་དེ་པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྲིད་གཞུང་། ཀྲུང་གོ་ལྕགས་ལམ་ཡུལ་སྐོར་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་བཏང་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་དམངས་ཕྱུག་བོད་དར་ལ་སྐུལ་འདེད་གཏོང་རིང་ཡུལ་སྐོར་ལས་རིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུ་དེ་རེད།

    “གཅིག་སེམས་གཅིག་སྦྲེལ། ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་གྱི་ལམ་ཐག་ཧྲིལ་པོར་ཉིན་14འགོར་གྱི་ཡོད་ཅིང་། ལམ་བར་དུ་ཟི་ལིང་དང་། ལྷ་ས། ཉིང་ཁྲི། ལྷོ་ཁ་སོགས་བརྒྱུད་དགོས་པས་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལ་དང་ཡར་འབྲོག་གཡུ་མཚོ་སོགས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་ཁུལ་16ལ་ལྟ་སྐོར་བྱེད་ཐུབ། ས་མཐོ་མ་འཕྲོད་པའི་རྐྱེན་གྱིས་གཟུགས་པོ་མི་བདེ་བའི་སྣང་བ་གང་ཐུབ་ཅི་ཐུབ་ཀྱིས་སེལ་ཆེད། ཡུལ་སྐོར་བ་ཟི་ལིང་དུ་སླེབས་རྗེས་ཆེད་མངགས་གསོ་རླུང་ཡོད་པའི་མེ་འཁོར་དུ་སྡོད་ཆོག་པ་དང་དུས་མཚུངས་པེ་ཅིང་གི་ས་མཐོར་འཕྲོད་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྨན་བཅོས་ཚོགས་པ་ལམ་བར་དུ་ལྷན་དུ་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “གཅིག་སེམས་གཅིག་སྦྲེལ། ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་གཏོང་དོན་ནི་པེ་ཅིང་གི“འགྲུལ་པ་བོད་དུ་འདྲེན་པའི”གཙོ་གནད་བོད་སྐྱོར་བྱེད་ཐབས་ཤིག་ཡིན། རྒྱལ་ས་དང་དེ་བཞིན་ས་ཁུལ་གཞན་དག་གི་འགྲུལ་པ་རྣམས“གདན་དྲངས་པ”བརྒྱུད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཆེད་རེད། སླད་ཕྱིན་ད་དུང་བརྗོད་དོན་མི་འདྲ་བའི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཡང་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།