དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བདག་གི་ཡུལ་སྐོར་མཐོང་ཐོས།
  • རྒྱལ་ཡོངས་རིག་གནས་ཁང་གི་ཞབས་ཞུ་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30

    རྒྱལ་ཡོངས་རིག་གནས་ཁང་གི་ཞབས་ཞུ་དྲིལ་བསྒྲགས་གཟའ་འཁོར་དང་རྒྱལ་ཡོངས་ཀྱི་ས་གནས་དང་གྲོང་ཁྱེར་རིམ་པའི་རིག་གནས་ཁང“འགྲེམས་ཁང་བརྒྱ་མཉམ་འགུལ”གྱི་བྱེད་སྒོ་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོ་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་དུ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་5ཚེས་22ཉིན་ནས་ཚེས་28ཉིན་བར་རིག་གནས་དང་ཡུལ་སྐོར་པུས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རིག་གནས་ཁང་གི་ཞབས་ཞུ་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བའི་དམིགས་ཡུལ་ནི་སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་བཏང་ནས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་བྱེད་རྒྱུ་དེ་རེད། འདི་ནི་འགོ་ཚུགས་མཛད་སྒོར་ཡུས་ཀུའུ་རིགས་ཀྱི་ཞབས་བྲོ《ཀན་སུའུ་ཡིས་ཁྱེད་ལ་བསུ་བ་ཞུ》ཞེས་པ་འཁྲབ་སྟོན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།