དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • གཞིས་རྩེ་གྲོང་ཁྱེར་གྱི་མྱང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-05-30
      • ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱི་མྱང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་དངོས་སུ་བཙུགས་པ་རེད། མཐུན་ཚོགས་དེ་ནི་གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དང་གཞིས་རྩེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ཆོག་མཆན་སྤྲད་ནས་བཙུགས་པའི་སྤྱི་ཚོགས་ཚོགས་པའི་རྩ་འཛུགས་ཤིག་དང་། ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྐད་གྲགས་ཆེ་བའི་སྤྱི་ཚོགས་ཡོངས་རང་བཞིན་གྱི་སྤྱི་ཚོགས་ཚོགས་པ་ཞིག ཁོར་ཡུག་སྲུང་སྐྱོང་བྱ་གཞག་ལ་སེམས་རྩ་འཁོལ་བའི་ལས་རིགས་ཁག་གི་མི་སྣ་དང་ཁེ་ལས་དང་བྱ་གཞག་ཚན་པ་ལས་གྲུབ་པའི་ཁེ་གཉེར་མིན་པའི་རང་བཞིན་གྱི་རྩ་འཛུགས་ཤིག་བཅས་རེད། མིག་སྔར་མཐུན་ཚོགས་སུ་ལས་འཛིན་20དང་ཚོགས་མི་79ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། མཐུན་ཚོགས་དེའི་སྔ་མིང་ལ་མྱང་ཆུའི་དང་བླངས་ཞབས་ཞུ་རུ་ཁག་ཅེས་ཟེར། དུས་ཡུན་རིང་པོའི་ནང་མྱང་ཆུའི་དང་བླངས་ཞབས་ཞུ་རུ་ཁག་གིས་གད་སྙིགས་རིགས་དབྱེའི་ཤེས་བྱ་དང་། ཡ་རབས་ཡུལ་སྐོར། བདེ་ཐང་ཤེས་བྱ་སྒྲོག་འགྲེལ། ཡ་རབས་འགྲིམ་འགྲུལ་ཁྲིད་སྟོན། ཀུན་སྤྱོད་དཔེ་སྟོན་འཆད་ཁྲིད་སོགས་དང་བླངས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། འབྱུང་འཕྲོད་དང་། ཁོར་ཡུག་སྲུང་སྐྱོང་། ཐཱན་ཉུང་། ཡ་རབས་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་སྟེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ས་མཐོའི་ས་གཞི་ཆེན་པོར་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཏན་ཏིག་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།