དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས།

    སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-30
      • ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་སྐུལ་འདེད་གཏོང་རིང་། འདམ་གཞུང་རྫོང་གིས་ཐོག་མཐའ་བར་གསུམ་དུ“ཆེས་དྭངས་གཙང་གི་འདམ་གཞུང”བསྐྲུན་རྒྱུ་དམིགས་ཚད་དུ་བྱས་ནས“ཇུས་འགོད་དང་། ལས་སྒྲུབ། འགག་སྒྲོལ། སྒྱུར་བཅོས། དོ་དམ། དྲིལ་བསྒྲགས”ལ་མཉམ་དུ་དམ་འཛིན་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་རྣམ་པ་གསར་པ་ཧུར་ཐག་བཏོད་པ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། འདམ་གཞུང་གི་དོན་དངོས་དང་འཚམ་པའི་སྐྱེ་ཁམས་ཤེས་དཔལ་གཏོད་པའི་ལམ་བུར་བསྐྱོད་པ་རེད།

        ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་སྒོ་རྩར་ཞབས་འདེགས་ཞུ་བ་དང་ཁོར་ཡུག་སྲུང་སྐྱོང་དོ་དམ་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ཁེ་ལས་དང་། འཛུགས་སྐྲུན་རྣམ་གྲངས། ཉེན་ཆེའི་ཟོག་རོ། ཟོག་རོ་ཐོན་སྐྱེད། རང་བྱུང་སྲུང་སྐྱོང་ཁུལ་བཅས་གྱི་ཁོར་ཡུག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་ཁོར་ཡུག་ཁྲིམས་སྒྱུར་གྱི་ལས་དོན་སྤེལ་བ་རེད། རྫོང་ཡོངས་ཀྱིས་ལོ་འཁོར་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་ཏུན་ཁྲི་2.43གནོད་མེད་གཙང་སེལ་བྱས་པ་དང་། བཙོག་ཟིང་གི་སྤྱི་པའི་གསང་སྤྱོད་1དང་གད་སྙིགས་བརྒྱུད་འདྲེན་ས་ཚིགས་11མེད་པར་བཟོས་པ་རེད། རིམ་རྩིས་བྱས་ན། སྨན་བཅོས་ཟོག་རོ་ཏུན་112.01ལྷག་ཙམ་བསྡུ་རུབ་དང་བརྒྱུད་འདྲེན་བྱས་ཏེ་རྫོང་ཡོངས་ཀྱི་ཉེན་ཆེའི་ཟོག་རོ་གཙང་སེལ་བྱེད་ཚད་100%རྒྱུན་འཁྱོངས་ཐུབ་པ་རེད།

        འདམ་གཞུང་རྫོང་གིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་ལ་དམ་པོར་དམིགས་པ་དང་དུས་མཚུངས《སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་འདམ་གཞུང་རྫོང་གི་ལག་བསྟར་ཇུས་གཞི》བཟོས་ནས་བཀྲམ་པ་དང་། མ་དངུལ་སྒོར་ཁྲི་900ལྷག་ཙམ་བཏང་ནས་དགུང་སྔོན་སྲུང་སྐྱོང་དམག་འཐབ་དང་། དྭངས་གཙང་ཆུ་མོ་སྲུང་སྐྱོང་དམག་འཐབ། ས་གཙང་སྲུང་སྐྱོང་དམག་འཐབ། གཙང་བཟོའི་འགག་སྒྲོལ་དམག་འཐབ་སོགས་སྤེལ་ཏེ་རྫོང་ཡོངས་ཀྱི་མཁའ་རླུང་སྤུས་ཚད་བཟང་པོ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱས་པ་རེད།

        རྫོང་ཁོངས་ཀྱི་ས་ངོས་ཆུ་ཡོངས《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིའི》IIIརིགས་ཀྱི་ཚད་གཞི་ལས་ལེགས་པ་དང་། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་98%ཟིན་པ། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལེགས་ཚད་100%ཟིན་པ། འབྲོག་ཁུལ་གྱི་འཐུང་ཆུའི་འཕྲོད་བསྟེན་ཚད་གཞི་100%ལོན་པ་བཅས་རེད།

        --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།